ཀྲུང་གོ་བོད་ཀྱི་དྲ་བའི2018ལོའི་ལོ་གསར་ཆེད་སྒྲིག་ལེ་ཚན་ལས་ཨ་མདོའི་ཡུལ་གྱི་མདའ་མོའི་རིག་གནས་སྐོར་གྱི་མུ་འབྲེལ་གླེང་སྟེགས།

སྔོན་བསྐལ་བ་ཆགས་པ་ནས་བཟུང་མིའི་རིགས་ན་ཚོད་མ་སྨིན་པའི་དུས་ཏེ་ནགས་ན་རི་དྭགས་ལྟ་བུའི་འཚོ་བ་རོལ་བའི་དུས་སུ་ཤིང་གི་ཡལ་ག་གཅིག་ནས་གཅིག་ཏུ་མཆོངས་པ་ན་དེ་ལ་ལྡེམ་ཤུགས་ཡོད་པ་རྟོགས་ཏེ་གདོད་མའི་དུས་ཀྱི་མདའ་གཞུ་བྱུང་བར་བཤད་པ་དང་། བོད་ཀྱི་ལོ་རྒྱུས་སུ་མདའ་ནི་མངའ་མཛད་བཅུ་གཉིས་ཀྱི་དང་པོ་གནོད་སྦྱིན་ནག་པོས་དབང་མཛད་སྐབས་བྱུང་བར་གྲགས་པས། བོད་ཀྱི་སྤྱི་ཚོགས་སུའང་མདའ་ནི་ཤིན་ཏུ་སྔ་བའི་དུས་ནས་དར་ཡོད་ལ། སྐབས་དེའི་མདའ་གཞུའི་ནུས་པ་ནི་རི་དྭགས་རྔོན་པ་དང་མཚོན་ཆའི་དོད་ཙམ་ལས་རྩེད་ཆས་སུ་མི་འགྲོ་བར་ངེས་སོ། བོད་བཙན་པོའི་དུས་སུ་མདའ་གཞུ་ནི་ཚོ་བ་དང་ཚོ་ཁག་གི་བར་དང་། ས་ཁུལ་དང་ས་ཁུལ་གྱི་བར། ཡང་ན་རང་ཉིད་སྲུང་སྐྱོབ་དང་། རི་དྭགས་རྔོན་པ་སོགས་ཀྱི་ཆེད་དུ་སྤྱོད་པའི་ལག་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་དང་། བློན་པོ་ལོ་ངམ་རྟ་རྫིས་རྒྱལ་པོ་གྲི་གུམ་བཙན་པོ་མདའ་ཡིས་བསད་པ་དང་། བོད་ཀྱི་ལོ་རྒྱུས་སྟེང་གི་རྩལ་པོ་ཆེ་མི་བདུན་ལས་དབས་རྒོད་ལྡོང་བཙན་མདའ་རྩལ་ལ་མཁས་པ། ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་གླང་དར་མ་མདའ་ཡིས་བཀྲོངས་པ་སོགས་ཀྱིས་མདའ་ནི་བོད་ཀྱི་གཡུལ་ཆས་གཙོ་བོ་ཞིག་ཡིན་པའང་རྟོགས་ཐུབ། 

དེ་ཡང་ཨ་མདོའི་མདའ་རྩེད་ཀྱི་ཐོག་མའི་འབྱུང་ཁུངས་ནི། ཨ་མདོའི་ཤར་ཕྱོགས་ཀྱི་བོད་མི་རྣམས་ནི་བོད་བཙན་པོའི་སྐབས་སུ་རྒྱ་བོད་སོ་སྲུང་དུ་མངགས་པའི་དམག་མིའི་རྒྱུད་པ་ཡིན་པས། ཁོ་ཚོས་མཚོན་ཆ་གཙོ་བོ་སྟེ་མདའ་གཞུ་ལ་བརྟེན་ནས་མཐའ་མཚམས་སྲུང་བའི་ཞོར་ནས་སྐྱེན་པོའི་མཐེབ་རྩལ་སྦྱོང་ཕྱིར་འབེན་འདྲ་བཟོས་ཏེ་མདའ་སྦྱོང་བྱས་པ་དང་། མདའ་སྦྱོང་བྱེད་ཚུལ་ནི། དཔུང་སྡེ་ཕན་ཚུན་བར་རྒྱལ་ཕམ་གྱི་རྒྱལ་སྐུགས་ཏེ་སྦྱོང་བརྡར་བྱེད་པ་དང་། དམག་མི་རེ་རེ་ལ་སྐུགས་ཡ་བཏགས་ཏེ་སྦྱོང་བརྡར་བྱས་ནས་རྒྱལ་བ་ལ་བྱ་དགས་དཔངས་བསྟོད་ཅིང་། ཕམ་ཁ་བྱུང་བ་དེས་རྒྱལ་ཅི་ཞིག་བཞག་པ་སྔོན་གྱི་ཁ་དན་ལྟར་བསྒྲུབ་དགོས་པས་དམག་མི་རྣམས་ཀྱིས་རང་ཉིད་ལ་རྒྱལ་ཁ་འཐོབ་ཕྱིར་ཡུལ་ལྷ་གཞི་བདག་ལ་བསང་བཏང་སྟེ་འཕྲིན་ལས་བཅོལ་བ་དང་། མཐུ་ཆེན་ལ་གཉེར་གཏད་དེ་བསམ་དོན་འགྲུབ་པའི་ཆོ་ག་མང་པོ་བྱས་ཤིང་། འགྲན་བསྡུར་ལས་རྣམ་པར་རྒྱལ་བ་ན་གླུ་ལེན་གར་རྩེད་དང་དགའ་འབོད་བྱེད་པ་རིམ་པར་འབངས་མིའི་ཁྲོད་དུ་དར་བ་ལ་བརྟེན་ནས་ད་གཟོད་མདའ་རྩེད་ཐོག་མར་དར་བ་ཡིན་ནོ། སྤྱི་ལོ842ལོར་ལྷ་ལུང་དཔལ་གྱི་རྡོ་རྗེས་མདའ་གཞུ་ལ་བརྟེན་ནས་རྒྱལ་པོ་གླང་དར་མ་བཀྲོངས་པ་དང་། དེ་ལ་བརྟེན་ནས་བཙན་པོའི་རྒྱལ་རབས་སིལ་བུ་རུ་སོང་བས་མཐའ་མཚམས་ཀྱི་གཡུལ་འཁྲུག་ཀྱང་རིམ་བཞིན་ཞི་ཞིང་གཡུལ་འཁྲུག་མེད་པའི་ཁོར་ཡུག་ནས་དམག་མི་རྣམས་ཀྱིས་སྔར་གྱི་དམག་རྩལ་སྦྱོང་བའི་རྣམ་པ་དེ་རིམ་པར་མདའ་རྩེད་དུ་གྱུར་པ་ལ་བརྟེན་ནས་ད་གཟོད་ཨ་མདོའི་མདའ་རྩེད་ཅེས་པ་འདི་བྱུང་ངོ་། ཨ་མདོའི་མདའ་རྩེད་ལ་མ་མཐའ་ཡང་ལོ་ངོ་སྟོང་ཕྲག་གཅིག་གི་ལོ་རྒྱུས་ཡོད་ལ། མདའ་རྩེད་ནི་མདའ་འཕེན་འགྲན་བསྡུར་དང་གླུ་ལེན་རྩེད་མོ་ལྷན་དུ་སྦྲེལ་བའི་ལུས་རྩལ་དང་རིག་རྩལ་གཉིས་ཀྱི་བསྡུས་མིང་ཞིག་ཡིན་པ་དང་། གོས་རྒྱན་གྱི་མེ་ཏོག་བཞད་པ་དང་བཟའ་བཏུང་གི་རྒྱ་མཚོ་བསྐྱིལ་བའི་དམངས་སྲོལ་ཞིག་ཀྱང་ཡིན། 

དེ་བས། རྒྱལ་ཁ་དང་གྲུབ་འབྲས་ཀྱིས་བལྟམས་པའི་ལོ་རྒན་ཞིག་ཕར་བསྐྱལ་ཞིང་། རེ་སྒུག་དང་ཕུགས་འདུན་གྱིས་ཁེངས་པའི་ལོ་གསར་ཞིག་ཚུར་བསུ་བའི་བསྐལ་བཟང་དུས་ཀྱི་མཆོད་སྐར་འདི་ལ། ངེད་ཀྲུང་གོ་བོད་ཀྱི་དྲ་བའི་རིག་གཞུང་འཕྲིན་ལམ་ལེ་ཚན་གྱི་མདའ་མོ་བགྲོ་གླེང་བརྙན་ཕབ་ཚན་ཆུང་མདོ་སྨད་མདའ་མོ་གཡང་རྫོང་དུ་གྲགས་པའི་གཅན་ཚའི་ཡུལ་དུ་བསྐྱོད་དེ།  ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་དུ་མུ་ཏིག་གི་དོ་ཤེལ་བཞིན་འཚེར་བའི་མདའ་མོའི་རིག་གནས་ལ་ཞིབ་རྒྱུས་ཐེངས་ཤིག་བླངས་ཤིང་། ཡུལ་དེའི་ལས་ལ་བརྩོན་ཞིང་རིག་གནས་ལ་དུང་ཞེན་དཀར་བའི་མདའ་མོའི་སྒྱུ་རྩལ་པ་སྐོར་ཞིག་ལ་བཅར་འདྲིའི་བསྐལ་བ་ལྡན་པས།  ཁོང་རྣམ་པའི་རྣམ་དཔྱོད་ཀྱི་གསུང་དབྱངས་སྒྲ་རུ་བླངས་ཤིང་སྒྱུ་རྩལ་གྱི་གྲོས་འདེབས་བརྙན་རིས་སུ་ཕབ་པ་འདིས། ཁ་བ་གངས་ཅན་བོད་པའི་དམངས་སྲོལ་རིག་གནས་མ་ཉམས་གོང་ནས་གོང་དུ་འཕེལ་བ་དང་སྒོས་སུ་ཡུལ་གཅན་ཚ་མདའ་མོ་རྫོང་གི་མདའ་མོའི་རིག་གནས་ཀྱི་ཕྲིན་ལས་ནམ་མཁའི་མཐས་དང་མཉམ་པའི་སྨོན་འདུན་དང་བཅས། ཀྲུང་གོ་བོད་ཀྱི་དྲ་བའི་རིག་གཞུང་འཕྲིན་ལམ་ལེ་ཚན་གྱི་《མདའ་མོའི་བགྲོ་གླེང》མུ་འབྲེལ་གླེང་སྟེགས་ཆེན་མོ་རྒྱ་ལོ་ཚེས་གཅིག་ནས་བཅོ་ལྔའི་བར་དུ་ཤར་གཏོང་བྱ་རྒྱུ་ཡིན་པས་རྒྱ་ཆེའི་དྲ་གྲོགས་ཡོངས་ཀྱི་རྣ་བའི་བཅུད་དང་མིག་གི་བདུད་རྩི་རུ་འགྱུར་གྱུར་ཅིག  །

ཀྲུང་གོ་བོད་ཀྱི་དྲ་བའི2018ལོའི་ལོ་གསར་ཆེད་སྒྲིག་ལེ་ཚན་ལས་ཨ་མདོའི་ཡུལ་གྱི་མདའ་མོའི་རིག་གནས་སྐོར་གྱི་མུ་འབྲེལ་གླེང་སྟེགས།

ཟླ་ཚེས།

བཅར་འདྲིའི་ཁ་བྱང་།

གདན་ཞུའི་སྐུ་མགྲོན།

རྒྱ་ལོའི་ཚེས་གཅིག

མདའ་མོའི་བྱུང་བ་སྤྱི་བཤད།

ཚེ་དབང་རྡོ་རྗེ།  (མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ།)

རྒྱ་ལོའི་ཚེས་གཉིས།

མདའ་མོའི་རིག་གནས་ལོ་རྒྱུས།

ཡུལ་ལྷ་ཐར།     (མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ།)

རྒྱ་ལོའི་ཚེས་གསུམ།

མདའ་མོའི་གནའ་དེང་གི་དམངས་སྲོལ་སྣང་ཚུལ།

གཅན་བཀྲ་བྷོ།  (མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ།)

རྒྱ་ལོའི་ཚེས་བཞི།

མདའ་སྲོལ་དང་རིགས་སྲོལ་སྐྱོང་སྤེལ།

པད་མ་ལྷུན་གྲུབ།(མཚོ་སྔོན་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ།)

རྒྱ་ལོའི་ཚེས་ལྔ། 

ཨ་མདོའི་ཡུལ་དུ་མདའ་དར་ཚུལ།

དོ་སྨྱོན་ཚེ་རིང་བཀྲ་ཤིས།   (གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན།)

རྒྱ་ལོའི་ཚེས་དྲུག

གཅན་ཚའི་ཡུལ་གྱི་མདའ་རྩེད།

དོ་རྒྱའི་བསོད་ནམས་ཚེ་རིང་།   (གཅན་ཚ་རྫོང་སློབ་སྡུད་གཞུང་སྒྲུབ་ཁང་གི་ཀྲུའུ་རིན།)

རྒྱ་ལོའི་ཚེས་བདུན། 

མདའ་རྩེད་སྐབས་ཀྱི་འཛེམ་བྱ།

ཚེ་རྒྱལ།(རང་སྒྲ)     (《བོད་ཀྱི་དམངས་སྲོལ་རིག་གནས》དུས་དེབ་ཀྱི་རྩོམ་སྒྲིག་པ།) 

རྒྱ་ལོའི་ཚེས་བརྒྱད། 

གཅན་ཚའི་ཡུལ་གྱི་མདའ་མོ་ལས་སྟངས།

བསམ་འགྲུབ་རྒྱལ།   (ཞིང་ཆེན་རིམ་པའི་མདའ་སྟོན་རིག་གནས་རྒྱུད་འཛིན་པ།)

རྒྱ་ལོའི་ཚེས་དགུ།

གཅན་ཚའི་ཡུལ་གྱི་མདའ་བསང་ཕུད་སྟངས།

འབྲུག་ཐར།     (གཅན་ཚ་རྫོང་ཉ་མོ་སྡེ་བའི་སྡེ་མི།)

རྒྱ་ལོའི་ཚེས་བཅུ།

གཅན་ཚའི་ཡུལ་གྱི་མདའ་རྩེད་ལས་མདའ་མོ་རྩི་སྟངས།

ཚེ་གཟུངས་ཐར།     (གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན།)

རྒྱ་ལོའི་ཚེས་བཅུ་གཅིག

གཅན་ཚའི་ཡུལ་གྱི་མདའ་རྩེད་ལས་ལྐུགས་ར་ངོ་སྤྲོད།

པད་མ་ཚེ་རིང་།     (གཅན་ཚ་རྫོང་བཅའ་སྡོད་སློབ་ཆུང་གི་དགེ་རྒན།)

རྒྱ་ལོའི་ཚེས་བཅུ་གཉིས།

གཅན་ཚའི་ཡུལ་གྱི་མདའ་བཤད།

ཀུན་བཟང་།    (གཅན་ཚ་རྫོང་རིག་གནས་ཁང་གི་ལས་བྱེད་པ།)

རྒྱ་ལོའི་ཚེས་བཅུ་གསུམ། 

གཅན་ཚའི་ཡུལ་གྱི་མདའ་གླུ།

གཡང་མོ་སྒྲོལ་མ།   (གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན།)

རྒྱ་ལོའི་ཚེས་བཅུ་བཞི། 

གཅན་ཚའི་ཡུལ་གྱི་མདའ་རྩེད་སྐབས་ཀྱི་རྩེད་རིགས།

རྟ་མགྲིན་གཡང་མཚོ། འཕགས་མོ་སྒྲོལ་མ།   (དམངས་ཁྲོད་སྒྱུ་རྩལ་པ།)

རྒྱ་ལོའི་ཚེས་བཅོ་ལྔ།

གཅན་ཚའི་ཡུལ་གྱི་མདའ་སྟོན། 

ཉི་མ་ཐར།     (གཅན་ཚ་རྫོང་རིག་གནས་ཁང་གི་འགོ་གཙོ།)

1.jpg

ཚེ་དབང་རྡོ་རྗེ།  (མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ།)

2.jpg

ཡུལ་ལྷ་ཐར།     (མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ།)

3.jpg

གཅན་བཀྲ་བྷོ།  (མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ།)

7.jpg

པད་མ་ལྷུན་གྲུབ།(མཚོ་སྔོན་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ།)

4.jpg

དོ་སྨྱོན་ཚེ་རིང་བཀྲ་ཤིས།   (གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན།)

5.jpg

དོ་རྒྱའི་བསོད་ནམས་ཚེ་རིང་།   (གཅན་ཚ་རྫོང་སློབ་སྡུད་གཞུང་སྒྲུབ་ཁང་གི་ཀྲུའུ་རིན།)

8.jpg

ཚེ་རྒྱལ།(རང་སྒྲ)     (《བོད་ཀྱི་དམངས་སྲོལ་རིག་གནས》དུས་དེབ་ཀྱི་རྩོམ་སྒྲིག་པ།) 

6.jpg

བསམ་འགྲུབ་རྒྱལ།   (ཞིང་ཆེན་རིམ་པའི་མདའ་སྟོན་རིག་གནས་རྒྱུད་འཛིན་པ།)

9.jpg

འབྲུག་ཐར།     (གཅན་ཚ་རྫོང་ཉ་མོ་སྡེ་བའི་སྡེ་མི།)

10.jpg

ཚེ་གཟུངས་ཐར།     (གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན།)

12.jpg

པད་མ་ཚེ་རིང་།     (གཅན་ཚ་རྫོང་བཅའ་སྡོད་སློབ་ཆུང་གི་དགེ་རྒན།)

15.jpg

ཀུན་བཟང་།    (གཅན་ཚ་རྫོང་རིག་གནས་ཁང་གི་ལས་བྱེད་པ།)

14.jpg

གཡང་མོ་སྒྲོལ་མ།   (གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན།)

13.jpg

རྟ་མགྲིན་གཡང་མཚོ། འཕགས་མོ་སྒྲོལ་མ།   (དམངས་ཁྲོད་སྒྱུ་རྩལ་པ།)

16.jpg

ཉི་མ་ཐར།     (གཅན་ཚ་རྫོང་རིག་གནས་ཁང་གི་འགོ་གཙོ།)

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།