དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ། དགུ་གསུམ་སློབ་ཚོགས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2017ལོའི་བྱ་བའི་སྙན་ཞུ་ལ་ཉན་པ་མ་ཟད་གྲོས་ཞིབ་བྱས།

ཚོགས་ཐོག་ནས་བསྟན་དོན། འདས་པའི་ལོ་གཅིག་ནང་། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རྒྱལ་གཅེས་དང་དམངས་གཙོ། ཚན་རིག་གི་ཕུལ་བྱུང་སྲོལ་རྒྱུན་གཞིར་བཟུང་བ་དང་། གནས་ལྔ་གཞི་གཅིག་གི་སྤྱི་ཁོག་བཀོད་སྒྲིག་དང་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་དམ་དུ་དམིགས་ནས། འཕེལ་རྒྱས་འདུ་ཤེས་ཆེན་པོ་ལྔ་ཇེ་བརྟན་དུ་གཏོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། བསྒྱུར་བ་བཞི་དང་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལ་དམིགས་ནས། བསམ་བློ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བསམ་ཕྱོགས་གསར་བ་དང་མ་དཔེ་གསར་བ་འཚོལ་ཞིབ་བྱས་ཏེ། ཆབ་སྲིད་ཀྱི་རྩིས་སྤྲོད་ལེན་དང་ལོ་ཧྲིལ་བོའི་བྱ་བའི་ལས་འགན་ཡོངས་འགྲུབ་བྱས་པ་དང་། སྣང་ཚུལ་གསར་བ་དང་གྲུབ་འབྲས་མངོན་པར་བྱས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། 2018ལོ་ནི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་འབྱོང་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་པས། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་དུས་རབས་གསར་བ་དང་ཁ་ཕྱོགས་གསར་བར་རྐང་བཙུགས་ནས། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཀླད་པར་དྲག་ཆས་སྤྲས་པ་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་དགུ་གསུམ་སློབ་ཚོགས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྟེང་གཏན་ཁེལ་བྱས་པའི་དུས་རབས་གསར་བའི་འབད་འཐབ་དམིགས་འབེན་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་སྟེང་གཏན་ཁེལ་བྱས་པའི་མཚོ་སྔོན་གསར་བའི་མཛེས་སྡུག་འཆར་གཞི་ལ་དམ་དུ་དམིགས་ནས། རྟོག་ཞིབ་དང་སྲིད་ཞུགས་སྲིད་གླེང་བྱ་བ་སྤེལ་བ་དང་། དགུ་གསུམ་སློབ་ཚོགས་ཀྱི་ཡོན་ཧྲི་དང་ཆེད་མཁས་པའི་བྱ་བའི་ས་ཚིགས་འདྲེན་བྱེད་དུ་བྱས་ཏེ། སྤྱི་ཚོགས་ཞབས་ཞུ་ཐད་ཀྱི་ཁྱད་ཆོས་འབུར་ཐོན་བྱེད་པ་དང་། རྩ་འཛུགས་འཛུགས་སྐྲུན་ཐད་ཀྱི་འཕེལ་རྒྱས་གསར་བར་སྐུལ་འདེད་གཏོང་བ། གཞི་རིམ་རྩ་འཛུགས་ཀྱི་གསོན་ཤུགས་ཆེར་སྐྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་གི་འགན་ནུས་ལག་བསྟར་ནན་མོ་བྱས་ནས། ཧུར་ཐག་གིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་མྱོང་མཁན་དང་ལག་བསྟར་པ། སྲུང་སྐྱོབ་པ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།