ཨ་ཆེན་གངས་རྒྱབ་བརྟན་སྲུང་བྱེད་པའི་སྙིང་སྟོབས་ཞེས་པའི་ཆེད་དོན་ཏང་གི་སློབ་ཁྲིད་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་འཛུགས་པར་སློབ་གསོ་གཏོང་ཆེད། ཟླ་དང་པོའི་ཚེས་དགུ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་ཨ་ཆེན་གངས་རྒྱབ་བརྟན་སྲུང་བྱེད་པའི་སྙིང་སྟོབས་ཞེས་པའི་ཆེད་དོན་ཏང་གི་སློབ་ཁྲིད་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས།

ཉིན་དེའི་ཆེད་དོན་ཏང་གི་སློབ་ཁྲིད་སྐབས་སུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་གཞི་རིམ་ལས་བྱེད་མི་སྣ་བརྒྱད་ཀྱིས་རང་སྟེང་གི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་དུས་ཡུན་རིང་བོར་ཨ་ཆེན་གངས་རྒྱབ་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་དུ་འབད་འཐབ་བྱེད་བཞིན་པའི་སྐོར་ཞིབ་རུ་མི་ཚོས་ཁོར་ཡུག་ངན་པ་དང་ཤི་གསོན་གྱི་ཉམས་ཉེན་ཐེག་པ། འབད་བརྩོན་ལྷོད་མེད་བྱེད་པ། ཡིད་ཆེས་བརྟན་པོ་བཅངས་པ། དཀའ་ཁག་ལ་མི་འཛེམ་པའི་སྙིང་སྟོབས་དང་རི་དྭགས་གཙོད་ལ་སྲུང་སྐྱོབ་བྱེད་པ་དང་ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་རླབས་ཆེན་བཞག་པའི་མི་སེམས་འགུལ་བའི་མཛད་རྗེས་ཞིབ་ཏུ་བཤད་པ་དང་། ཨ་ཆེན་གངས་རྒྱབ་ཏུ་ས་ཁུལ་གྱི་མིས་ཏང་དང་མེས་རྒྱལ། ས་གཞི་འདིར་བཅངས་པའི་ཐོག་མའི་སེམས་འདུན་མི་བརྗེད་པ་དང་བློ་བརྟན་འགྱུར་མེད་སྒོས་བརྟན་སྲུང་བྱེད་པ། རང་ཉིད་མི་བསམ་པར་བྱས་རྗེས་འཇོག་པ། དཀའ་ངལ་ལ་མི་འཛེམ་པ་དང་བརྟན་སྲུང་གི་སྙིང་སྟོབས་ལ་བསྟོད་བསྔགས་བྱས། མི་ལ་སེམས་འགུལ་ཟབ་མོ་ཐེབས་པ་དང་ཡར་བསྐྱེད་འབད་བརྩོན་བྱེད་པར་སྐུལ་འདེད་གཏོང་བའི་ཏང་གི་སློབ་ཁྲིད་འདིས་ཡུལ་དངོས་ཀྱི་དགེ་སློབ་ཡོངས་ལ་བསམ་བློའི་སློབ་གསོ་ཐེངས་ཤིག་ཐེབས་སུ་བཅུག་པ་དང་རང་སྟེང་གི་སྤྱི་ཚོགས་འགན་འཁྲི་ཚོར་དུ་བཅུག ཚང་མས་ལང་ལོང་གིས་བསྟན་དོན། ཏང་གི་སློབ་ཁྲིད་ཀྱིས་ང་ཚོར་སྟོབས་ཤུགས་བསྩལ་པ་དང་རང་གིས་འབད་འཐབ་བྱེད་པའི་དམིགས་འབེན་རྙེད་དུ་བཅུག ང་ཚོས་རང་སློབ་གྲྭའི་ལས་དོན་འཕེལ་རྒྱས་ཐད་སྔར་ལས་ལྷག་པའི་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

ཨ་ཆེན་གངས་རྒྱབ་བརྟན་སྲུང་བྱེད་པའི་སྙིང་སྟོབས་ཞེས་པའི་ཆེད་དོན་ཏང་གི་སློབ་ཁྲིད་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་ཐད་སློབ་གསོ་དང་མཛུབ་སྟོན་གྱི་ནུས་པ་གལ་ཆེན་ལྡན།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།