ཀའོ་ཧྭས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་བ་ཞོར་ལས་པར་གླ་ཕོགས་སྟེར་བའི་བྱ་བར་འགན་སྲུང་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྟེང་མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་བློ་དོན་འཁྱོལ་བྱས་ཏེ་ནུས་ཡོད་སྒོས་ཞིང་བ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་བ་ཞོར་ལས་པར་གླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བློ་མཐུན་གཙོ་བོས་ཁྱོན་ཡོངས་ནས་ཞིང་བ་ཞོར་ལས་པའི་གླ་ཕོགས་དུས་འགྱངས་ཆད་ལུས་བྱ་བའི་གནད་དོན་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། མིག་སྔའི་གནས་བབ་ལ་དབྱེ་ཞིབ་དང་གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཀའོ་ཧྭ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཀའོ་ཧྭས་ནན་གྱིས་བསྟན་དོན། མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་བློ་དོན་འཁྱོལ་བྱས་ཏེ་དོན་དངོས་དང་མཐུན་པའི་སྒོ་ནས་ཞིང་བ་ཞོར་ལས་པའི་གླ་ཕོགས་དུས་འགྱངས་ཆད་ལུས་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་ནི་ཞིང་བ་ཞོར་ལས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གཙོ་བོ་ཞིག་ཡིན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་འདུ་ཤེས་བཞི་བརྟན་པོར་བཙུགས་ཏེ་རྒྱལ་ཡོངས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོའི་ལུགས་རྙིང་ལོ་སར་སྔོན་ལ་ཞིང་བ་ཞོར་ལས་པར་གློ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྙན་རིས་གྲོས་ཚོགས་ཀྱི་དགོངས་དོན་གཟབ་ནན་གྱིས་དོན་འཁྱོལ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རིམ་པ་སོ་སོའི་སྲིད་གཞུང་གི་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ་དུས་ཐོག་ཏུ་དཀའ་ཁག་དང་གནད་དོན་ཐག་གཅོད་བྱེད་པ་དང་། གནད་དོན་གཙོ་བོར་གཙོ་འགན་ཁུར་བའི་བློ་མཐུན་གྱིས་རང་འགུལ་སྒོས་མཐུན་སྦྱོར་ཐག་གཅོད་བྱེད་དགོས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་གཅིག་གྱུར་མཐུན་སྦྱོར་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་ཤུགས་ཚད་ཇེ་ཆེར་གཏོང་དགོས་པ་དང་སྤྱི་བདེ་ལས་ཁུངས་ཀྱིས་གླ་ཕོགས་ཆད་ལུས་བྱེད་པའི་ཁྲིམས་འགན་བྱ་སྤྱོད་ལ་གཟབ་ནན་གྱིས་ཞིབ་བཤེར་བྱེད་དགོས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་སོ་སོས་ཕན་ཚུན་རོགས་རེས་མཉམ་ལས་བྱས་ཏེ་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས་ཟེར།

ཀའོ་ཧྭས་ཉེ་ལམ་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་ཞིང་བ་ཞོར་ལས་པའི་གླ་ཕོགས་དུས་འགྱངས་ཆད་ལུས་གནས་ཚུལ་ཐག་གཅོད་བཟང་བོ་བྱེད་དགོས་པ་དང་བྱ་བའི་རྩིས་ཁྲ་དང་གནད་དོན་གྱི་རྩིས་ཁྲ་འཛུགས་པ། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་འགན་འཁྲི་མི་རེ་རེའི་ཕྲག་སྟེང་དུ་འབབ་པར་བྱེད་དགོས། ཞིང་ཆེན་སྲིད་གཞུང་གི་ཁེ་ལས་ཀྱིས་གླ་ཕོགས་དུས་འགྱངས་ཆད་ལུས་བྱེད་པའི་གནད་དོན་ཐག་གཅོད་བྱེད་པའི་འགོ་ཁྲིད་ཚན་ཆུང་གིས་ཁྱོན་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་བྱ་བ་སྤེལ་བའི་རྨང་གཞིའི་སྟེང་ས་ཁུལ་གཙོ་བོ་དང་ལས་རིགས་གཙོ་བོར་དམ་པོར་དམིགས་ནས་ཁ་བརྡ་དང་འགན་འཁྲི་རྩད་གཅོད་ཤུགས་ཚད་ཇེ་ཆེར་བཏང་སྟེ་དུས་ཆེན་གཉིས་སྐབས་དང་གྲོས་ཚོགས་གཉིས་སྐབས་ཀྱི་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།