སང་ཉིན་ནས་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་ཆེ་བར་དྲོད་གྲངས་ཇེ་དམའ་རུ་གྱུར་ནས་ཁ་བ་འབབ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས7ཉིན་ནི་དུས་ཚིགས་ཉེར་བཞི་ནང་གི་དགུན་ཚུགས་པའི་ཉིན་མོ་ཡིན་ལ་དགུན་ཚུགས་པ་དང་མཉམ་དུ་ནམ་ཟླ་ཇེ་འཁྱག་ཏུ་གྱུར་ཡོད། ཚོད་དཔག་བྱས་པ་ལྟར་ན་ཟླ11པའི་ཚེས9ཉིན་ནས་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་ཆེ་བར་དྲོད་ཚད་ཇེ་དམར་སོང་ནས་ཁ་བ་འབབ་རྒྱུ་ཡིན་པ་དང་། རང་ཞིང་གི་བྱང་ཤར་ས་ཁུལ་དུ་ཆ་སྙོམས་ཀྱིས་དྲོད་གྲངས་ཧྲེ་ཧྲི་ཏུའུ3ནས5བར་ཇེ་དམའ་རུ་འགྲོ་རྒྱུ་རེད།

 གནམ་གཤིས་ཆེད་མཁས་པས་འཚམས་སྦྱོར་བྱས་དོན། དགུན་ཚུགས་པ་ཙམ་གྱིས་དྲོད་གྲངས་ཐད་ཀར་དུ་མར་ཆགས་ནས་དགུན་ཁར་སླེབས་པ་ཞིག་མ་ཡིན་པར། གནམ་གཤིས་རིག་པའི་སྟེང་ནས་བཤད་ན་བསྟུན་མར་ཉིན5རིང་ཆ་སྙོམས་ཀྱི་དྲོད་གྲངས་ཧྲེ་ཧྲི་ཏུའུ10མར་ཆགས་པ་ཡིན་ན་ད་གཟོད་དགུན་ཁ་སླེབས་པ་ཡིན་ལ།  དགུན་ཚུགས་མ་ཐག་ཞིང་ཆེན་ཡོངས་ཀྱི་དྲོད་ཚད་རྒྱུན་མཐུད་ངང་མར་ཆགས་པ་རེད།

ཚོད་དཔག་བྱས་པ་ལྟར་ན། ཟླ11པའི་ཚེས8ཉིན་ལ་ཡུས་ཧྲུའུ་དང་རྨ་སྟོད་ལ་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་གནམ་དྭངས་པའམ་སྤྲིན་མང་རྒྱུ་རེད། ཟླ11པའི་ཚེས9ཉིན་ལ་ཡུས་ཧྲུའུ་ཡི་ས་ཁུལ་མང་ཆེ་བ་དང་མགོ་ལོག་གི་ས་ཁུལ་མང་ཆེ་བ། རྨ་ལྷོ་དང་ཟི་ལིང་། ཧུའུ་ཀྲུའུ། ཞོན་ཧྭ། མིན་ཡོན། ཆི་ལེན་བཅས་ལ་ཁངས་ཆར་ཆུང་ཆུང་འབབ་རྒྱུ་རེད། ཟླ11པའི་ཚེས10ཉིན་ལ་མཚོ་ནུབ་ཀྱི་ས་ཁུལ་མང་ཆེ་བ་དང་མཚོ་བྱང་གི་ནུབ་ཕྱོགས། མགོ་ལོག་བཅས་ལ་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན་པ་དང་། ས་ཁུལ་གཞན་དག་ལའང་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། (མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་སྒྱུར་བྱས།)

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།