ཁྲི་ཀ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་ནས་དམངས་སྲིད་ཞབས་ཞུ་དོན་འཁྱོལ་ཡོང་བར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་དམངས་ཚིས་སྲིད་ཇུས་དོན་འཁྱོལ་ཡོང་བར་ཤུགས་སྣོན་རྒྱུ་ནི་མི་དམངས་ལ་དམངས་སྲིད་ཞབས་འདེགས་ཞུ་བའི་བྱ་བ་གཙོ་བོ་ཞིག་དང་། སློབ་གཉིས་བྱེད་གཅིག་ལག་བསྟར་བྱེད་པ་དེ་བྱ་བའི་འགོ་འཛུགས་སར་བརྩིས་ནས། ལས་བྱེད་པའི་ཀུན་སྤྱོད་སྤུས་ཚད་གཙིགས་སུ་བཟུང་ནས་ཚད་ལྡན་གྱི་བྱ་བའི་སྒྲིག་རིམ་ལ་འགན་སྲུང་བྱས་ཏེ། རྫོང་ཡོངས་ཀྱི་དམངས་སྲིད་བྱ་བའི་ཞབས་ཞུའི་ནུས་པ་ཇེ་ཆེར་བཏང་།

བྱ་བའི་ཁྲོད་དུ། ཁྲི་ཀ་རྫོང་གིས་སྲིད་ཇུས་ལ་རྒྱུས་ལོན་དང་སློབ་སྦྱོང་བྱེད་པ་དེ་དམངས་ཚིས་སྲིད་ཇུས་ཁག་དོན་འཁྱོལ་ཡོང་བར་བྱེད་པའི་རྨང་གཞིའི་བྱ་བར་བརྩིས་ཡོད། གཟའ་རེ་རེའི་ནངས་མོའི་ཚོགས་འདུ་བེད་སྤྱད་ནས་ལས་བྱེད་རྣམས་རྩ་འཛུགས་བྱས་ཏེ་སྲིད་ཇུས་གསར་པར་སློབ་སྦྱོང་བྱེད་པར་ཤུགས་སྣོན་བྱས་ནས། སྲིད་ཇུས་ཁག་རེ་རེ་དོན་འཁྱོལ་ཡོང་བར་རྨང་གཞི་བཏིངས། དེ་དང་མཉམ་དུ་། ཞིང་ཆེན་དང་ཁུལ་རིམ་པའི་ལས་གཉེར་སྡེ་ཁག་གི་རྐང་འཛིན་པ་གདན་འདྲེན་ཞུས་ནས་ཞིང་གྲོང་གི་དམངས་སྲིད་གཞུང་ལས་ཁང་དང་སྡེ་ཁུལ་མི་སྣ་རྩ་འཛུགས་བྱས་ཏེ་དམིགས་ཡུལ་ལྡན་པའི་སྒོ་ནས་སྲིད་ཇུས་སྒྲོག་པ་དང་ལས་དོན་སྐོར་གྱི་ཤེས་བྱའི་གསོ་སྦྱོང་བྱེད་པ། རོང་འབྲོག་ཁུལ་གྱི་རྒན་པོ་ཚབ་སྐྱོང་བྱེད་པ་དང་། དཀའ་སྡུག་ཆེ་བའི་མི་སྣ་གཉོར་སྐྱོང་བྱེད་པ། སྤྱི་ཚོགས་རོགས་སྐྱོབ་སོགས་དེའི་ཕྱོགས་ཀྱི་སྲིད་ཇུས་ཤེས་བྱའི་ཐད་ནས་གསོ་སྦྱོང་བྱས་ཏེ། གཞི་རིམ་གྱི་དམངས་སྲིད་ལས་བྱེད་པའི་ལས་དོན་ཤེས་བྱའི་ཆུ་ཚད་མཐོར་འདེགས་བྱས་པ་དང་། གཞི་རིམ་ལས་བྱེད་ཀྱིས་སྲིད་ཇུས་རྟོགས་པ་དང་དེ་བཀོལ་སྤྱོད་བྱེད་ཐུབ་པ། ཞབས་འདེགས་ཞུ་ཐུབ་པ་བཅས་ལ་ཁག་ཐེག་བྱས། དེར་མ་ཟད་དུས་ངེས་མེད་དུ་རྫོང་གི་མི་སྣ་བཀོད་སྒྲིག་བྱས་ཏེ་ཞིང་གྲོང་གི་རིམ་ལྡན་རང་བཞིན་གྱི་བྱ་བ་སྤེལ་བར་ལྟ་སྐུལ་སློབ་སྟོན་ནན་མོ་བྱས་པ་དང་རྒྱུན་ལྡན་རང་བཞིན་གྱི་བྱ་བར་རྒྱུན་ལྡན་གྱིས་ལྟ་སྐུལ་བྱས་ལ། ཞིང་གྲོང་དམངས་སྲིད་གཞུང་ལས་ཁང་གི་ལས་དོན་སྒྲུབ་པར་མཛུབ་སྟོན་བྱས། བྱ་བ་སྒྲུབ་པའི་གོ་རིམ་ཁྲོད་བྱུང་བའི་དཀའ་ཁག་དང་གནད་དོན་དུས་ལྟར་དུ་སྙོམས་སྒྲིག་དང་ཐག་གཅོད་བྱས་ཏེ།བྱ་བ་ཁག་ལ་བཀོད་སྒྲིག་ཡོད་པ་དང་བཟུང་མཁན་ཡོད་པ། དོན་འཁྱོལ་བྱེད་པ་བཅས་ལ་ཁག་ཐེག་བྱས།

གཞན་ཁྱིམ་ཚང་དུ་སོང་ནས་རྩད་གཅོད་བྱེད་པ་དེ་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་ཡང་དག་པར་ཤེས་བྱེད་དུ་འཛིན་པ་དང་གནས་སྐབས་ཀྱི་རོགས་སྐྱོབ་བྱེད་ས། གཞིས་སྲུང་བུད་མེད་དང་བྱིས་པ། ཁྱད་པར་དུ་དཀའ་ཁག་ཡོད་པའི་མི་སྣ་བཅས་ལ་ཆེས་ཐད་ཀར་དང་ཆེས་གོ་ཆོད་ཀྱི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། གཟབ་ནན་སྒོས་ཞིང་གྲོང་དམངས་སྲིད་གཞུང་ལས་ཁང་གིས་བརྒྱ་ཆའི་བརྒྱ་ཡི་ཁྱིམ་འཛུལ་དོན་འཁྱོལ་དང་རྫོང་དམངས་སྲིད་ཅུའུ་ཡིས་བརྒྱ་ཆའི་སུམ་ཅུའི་ཟུར་བཤེར་ཁྱིམ་འཛུལ་གཏན་འབེབས་དོན་འཁྱོལ་ཡོང་བར་བྱས་ཏེ། ཁྱིམ་འཛུལ་རྩད་གཅོད་དང་བྱ་བར་ཞིབ་སྡུར་གཙིགས་སུ་བཟུང་ནས། རྨང་གཞིིའ་ཆ་འཕྲིན་ཡང་དག་དང་རྨང་གཞིའི་དཔྱད་གཞི་ཆ་ཚང་། བྱ་བའི་སྒྲིག་རིམ་ཚད་ལྡན་དུ་གཏོང་བ་བཅས་ལ་ཁག་ཐེག་བྱས། དེ་ལྟར་ཟླ་བརྒྱད་པའི་ཟླ་མཇུག་བར་དུ་བསྡོམས་པས་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་གྲོན་དངུལ་ས་ཡ་དྲུག་དང་འབུམ་ལྔ་ཁྲི་དགུ་སྟོང་དགུ་ཉིས་བརྒྱ་ལྷག་དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་གྲོན་དངུལ་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་དྲུག་ཁྲི་བདུན་སྟོང་བདུན་བདུན་བརྒྱ། ཁྱད་དུ་དཀའ་ཁག་ཅན་གྱི་མི་སྣ་གཉོར་སྐྱོང་གྲོན་དངུལ་ས་ཡ་གསུམ་དང་ཁྲི་བརྒྱད་སྟོང་གསུམ་ལྔ་བརྒྱ། སྨན་བཅོས་རོགས་དངུལ་ས་ཡ་གཉིས་དང་འབུམ་བརྒྱད་ཁྲི་ལྔ་བཅས་བཏང་།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།