རྨ་ཆེན་རྫོང་གིས་སྡེ་བ་རིམ་པའི་རྩ་འཛུགས་ཚད་གཞི་ཅན་དང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པའི་ཡུལ་དངོས་ལ་ལྟ་སྦྱོང་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྨ་ཆེན་རྫོང་གིས་ཞང་དང་གྲོང་རྡལ་སོ་སོ་ཡི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་ཨུ་ཡོན་མི་སྣ། རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་ཡོངས་རྩ་འཛུགས་བྱས་ཏེ། རྫོང་ཡོངས་ཀྱི་སྡེ་བ་རིམ་པའི་རྩ་འཛུགས་ཚད་གཞི་ཅན་དང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པའི་མིག་དཔེ་གནས་གཞི་སྟེ་གངས་རི་ཞང་གཡོན་ཁོག་སྡེ་བར་སོང་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཡུལ་དངོས་ཀྱི་སྐུལ་སྤེལ་ཚོགས་འདུ་བསྡུས་ཏེ། ཡུལ་དངོས་ལྟ་སྦྱོང་། ཏང་གི་སློབ་ཁྲིད་ལ་ཉན་པ། ཉམས་མྱོང་བརྗེ་རེས། ཡུལ་དངོས་བཀོད་སྒྲིག་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཞང་དང་གྲོང་རྡལ་སོ་སོས་སྡེ་བ་རིམ་པའི་རྩ་འཛུགས་ནི་ཚད་གཞི་ཅན་དང་ཚད་ལྡན་ཅན་དུ་འཛུགས་སྐྲུན་གྱི་གོ་རིམ་ནང་དུ་བཟང་ལེན་སྐྱོན་སྤངས་དང་ཕན་ཚུན་སློབ་སྦྱོང། ཕན་ཚུན་མིག་ལྟ་བྱས་ནས་རྫོང་ཡོངས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་།

ལྟ་སྐོར་བྱེད་སྐབས་སུ། ཡུལ་དངོས་ནས་སྡེ་བའི་ཏང་ཨུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དང་ཏང་ཡོན་བྱ་འགུལ་ཁང་། བཟོ་ཚོགས་གུང་གཞོན་བུད་མེད་མཉམ་འབྲེལ་ལྷན་ཚོགས་བྱ་འགུལ་ཁང་བཅས་ལ་ལྟ་ཞིབ་བྱས་ལ། ད་དུང་སྡེ་བའི་ཡིག་ཚགས་ལ་བལྟས་པར་མ་ཟད། སྡེ་བའི་ཏང་ཨུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འཛིན་གྲྭ་ལ་བསམ་བློ་བརྗེ་རེས་བྱས། ལྟ་སྐོར་མཇུག་རྫོགས་ནས། ལྟ་སྐོར་ཚོགས་པའི་ཚོགས་མི་རྣམས་ཏང་ཡོན་དཀྱུས་མ་ཞིག་གི་ཚུལ་ཏུ་སྡེ་བའི་ཏང་ཀྲི་པུའུ་ཡིས་རྩ་འཛུགས་བྱས་བའི་ཏང་ཡོན་གྱིས་ཏང་གི་སློབ་ཁྲིད་བྱེད་པའི་བྱ་འགུལ་ཏུ་ཞུགས།

ཐེངས་འདིའི་ལྟ་སྐོརབྱ་འགུལ་བརྒྱུད་དེ། ལྟ་སྐོར་ཚོགས་པའི་ཁོངས་མི་ཡོངས་ལ་ཕྱོགས་གང་ཐད་ནས་གྲུབ་འབྲས་མི་ཉུང་བ་ཐོབ་པ་དང་། བསམ་བློའི་ངོས་ཟིན་རྒྱ་བསྐྱེད་དང་མིག་རྒྱ་ཆེ་ཆེར་ཕྱེས། ཁོ་ཚོས་བཤད་རྒྱུར། མ་འོངས་བར་ནན་ཏན་གྱིས་རྫོང་ཏང་ཨུ་ཡི་བཀོད་སྒྲིག་ལྟར། འགན་འཁྲིའི་འདུ་ཤེས་ཤུགས་ཆེ་རུ་བཏང་སྟེ། བྱ་བར་གྲུབ་འབྲས་མངོན་གསལ་ལོན་པར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།