ཐེན་ཅིན་ཁྲིན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་བྱ་བའི་སྐུལ་འདེད་ཚོགས་འདུར་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་ཞིང་ཆེན་ཡོངས་ཀྱི་གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པའི་དཔེ་སྟོན་བྱ་བའི་སྐུལ་འདེད་ཚོགས་འདུར་ཞུགས་པ་དང་། ཚོགས་འདུའི་སྟེང་ཁོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྣེ་ཁྲིད་དུ་བྱས་ཏེ་གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་བྱ་བ་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུའི་སྟེང་ཙུང་ལི་གཞོན་པ་ཝང་དབྱང་གིས་རྒྱལ་ཡོངས་གློག་རྡུལ་ཚོང་དོན་གནད་ཕིགས་དབུལ་སྐྱོར་ཉམས་མྱོང་བརྗེ་རེས་ཚོགས་འདུའི་སྟེང་གི་གཏམ་བཤད་དང་ཧྲིན་ཀྲང་ཝང་ཅན་ཅོན་གྱིས་མཆན་བཀོད་མཛུབ་སྟོན་གནང་བའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། དུས་རིམ་རྗེས་མའི་ཞིང་ཆེན་ཡོངས་ཀྱི་གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་བྱ་བར་བཀོད་སྒྲིག་བྱས། ཐེན་ཅིན་ཁྲིན་གྱིས་བསྟན་དོན། གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་བྱ་བ་སྤེལ་བ་ནི་ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་ཞིང་སྡེ་དེང་རབས་ཅན་མཐོར་འདེགས་གཏོང་བ། ཞིང་གསུམ་གནད་དོན་དང་དབུལ་ཐར་མཁྲེགས་གཏོར་ཐག་གཅོད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་རྒྱུན་རྣམ་གསར་པའི་འོག་ནང་ཁོག་ཉོ་ཚོང་འཁོར་རྒྱུག་བྱ་བའི་འཕེལ་རྒྱས་ཆེན་པོ་ལྔའི་འདུ་ཤེས་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལག་བསྟར་དོན་འཁྱོལ་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཡང་ཡིན་པས། འབྲེལ་ཡོད་སྡེ་ཁག་སོ་སོས་ངེས་པར་དུ་ཆབ་སྲིད་གླེང་བ་དང་སྤྱི་ཡོངས་གླེང་བའི་མཐོ་ཚད་ནས་འགོ་རྩོམ་པ་དང་བྱ་བའི་གལ་ཆེན་རང་བཞིན་ལ་གོ་བ་ཡང་དག་ལེན་པ། དོན་དངོས་དང་མཐུན་པའི་སྒོ་ནས་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཐེན་ཅིན་ཁྲིན་གྱིས་ནན་གྱིས་བསྟན་དོན། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་གཟབ་ནན་གྱིས་སྐོར་སྔོན་མ་གསུམ་གྱི་དཔེ་སྟོན་རྫོང་གསར་འཛུགས་བྱ་བའི་ཉམས་མྱོང་སྤྱི་སྡོམ་དང་དཔྱད་གཞིར་འཛིན་དགོས་པ་དང་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་སྟོབས་ཤུགས་ཡོད་དགུས་ཞིང་སྡེ་འབྲོག་ཁུལ་གྱི་དངོས་ཟོག་འཁོར་རྒྱུག་ཞབས་ཞུ་དང་གློག་རྡུལ་ཚོང་དོན་སྤྱི་ཐུན་ཞབས་ཞུ་སོགས་མ་ལག་ཆེན་པོ་གསུམ་འཛུགས་སྐྲུན་བྱེད་པ་དང་། གཙོ་བོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཚད་ཆེ་རུ་གཏོང་བ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཕྱོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས་མཚོ་སྔོན་ཞིང་ཆེན་གྱི་གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་བྱ་བར་གྲུབ་འབྲས་གསར་པ་ལེན་པར་འགན་སྲུང་བྱེད་དགོས་ཟེར།

ཚོགས་འདུའི་སྟེང་། ཞིང་ཆེན་ཡོངས་ཀྱི་གློག་རྡུལ་ཚོང་དོན་དཔེ་སྟོན་རྫོང་དང་སྒྲུབ་འགན་ཁུར་བའི་ཁེ་ལས་ཀྱི་འཐུབ་ཚབ་མི་སྣས་བརྗེ་རེས་གཏམ་བཤད་སྤེལ། ཞིང་ཆེན་ཚོང་དོན་ཐིན་དང་གྲོང་ཁྱེར་དང་ཁུལ་སོ་སོའི་ཚོང་དོན་སྡེ་ཁག དཔེ་སྟོན་རྫོང་བཅུ་བཞིའི་སྲིད་གཞུང་གིས་དོ་དམ་གྲོས་མཐུན་བཀོད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།