ཝང་གོ་ཧྲིན་མིན་ཡོན་རྫོང་དུ་སོང་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན་ནས་ཚེས་བདུན་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཁ་བའི་ཁྲོད་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་ཞན་མིས་ཞང་དང་ཏུང་ཁྲོན་ཞང་། ཆོན་ཁུག་གྲོང་རྡལ་བཅས་སུ་སོང་ནས་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། གཞི་རིམ་ཏང་ཡོན་ལས་བྱེད་མང་ཚོགས་དང་མཉམ་དུ་བཞུགས་མོལ་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་རྒྱུ་དང་། མིག་སྔར་སྤེལ་བཞིན་པའི་གཞི་རིམ་གྱི་ལས་གཞི་སོ་སོ་གཉིས་གཞི་གཅིག་ཏུ་སྤྲེལ་དགོས་ལ། གཞི་རིམ་ལས་བྱེད་མང་ཚོགས་ཀྱི་བསམ་ཕྱོགས་དང་རེ་འདུན་དང་གཞི་གཅིག་ཏུ་སྦྲེལ་ཏེ། ཞང་དང་སྡེ་བའི་འཕེལ་རྒྱས་དང་གཞི་གཅིག་ཏུ་སྦྲེལ་ནས་འཆར་འགོད་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་པའི་ལས་དོན་གྱིས་གཞི་རིམ་ཡོངས་ཁྱབ་པར་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁ་མིན་དོན་གྱིས་མཛུབ་སྟོན་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཚང་མས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་སྟེང་དུ་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པར་མཐུན་སྒྲིལ་སྣེ་ཁྲིད་བྱེད་དགོས་ཞེས་བསྟན།

ཝང་གོ་ཧྲིན་གྱིས་རྟོག་ཞིབ་བྱེད་སྐབས་སྔ་གཞུག་ཏུ་ཁུལ་དང་རྫོང་། ཞང་དང་སྡེ་བ་བཅས་ཀྱི་རིམ་པ་བཞིའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་བཞུགས་མོལ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་པར་ཅིས་ཀྱང་། བསམ་བློ་དང་སྦྱོར་བ་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གཉིས་ཀྱི་སྟེང་དུ་གཅིག་གྱུར་ཡོང་བར་བྱས་ཏེ། ཚོགས་ཆེན་གྱི་དགོངས་དོན་ལོན་པར་བྱེད་པ་དང་དགོངས་དོན་ལོན་ནས་སྤྱོད་གོ་ཆོད་པར་བྱེད་པའི་ཐད་ཤུགས་རྒྱག་དགོས་ཟེར།

ཡུས་ཚུང་ལི་ཐེངས་འདིའི་བྱ་འགུལ་ལ་ཞུགས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།