ཝང་ཡུས་པའོ་དང་ཧན་ཅན་ཧྭ་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་གི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་དང་། ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ་གཉིས་མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་ལ་སོང་ནས་རྟོག་ཞིབ་བྱས།

ཝང་ཡུས་པའོ་དང་ཧན་ཅན་ཧྭ་གཉིས་ཀྱིས་སློབ་སྒྲུབ་བྱ་བར་རྟོག་ཞིབ་བྱས་ཤིང་། དགེ་སློབ་རྣམས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས། སློབ་གྲྭའི་ལོ་རྒྱུས་ཁང་ལ་རྟོག་ཞིབ་བྱེད་སྐབས་སློབ་གླིང་གིས་དཔེ་ཁྲིད་དང་མི་སྐྱོང་། ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས། སློབ་གྲྭ་དང་ཁེ་ལས་མཉམ་ལས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། སྒོ་འབྱེད་ཀྱི་བསམ་བློས་སློབ་སྒྲུབ་བྱེད་པ་དང་སློབ་སྒྲུབ་ལམ་ལུགས་ལ་སྐུལ་འདེད་བྱེད་པ་གཙོ་བོར་འཛིན་པ། འཇོན་མི་སྐྱེད་བསྲིང་དང་དོ་དམ་ལམ་ལུགས་བཅོས་སྒྱུར། མུ་མཐུད་དུ་འཕེལ་རྒྱས་སྒུལ་ཤུགས་ལ་ཤུགས་སྣོན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། སྒྱུར་བ་བཞི་དང་ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་ཆེད་ལས་གྲུབ་ཚུལ་ལེགས་སྒྲིག ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས། སློབ་གྲྭ་དང་ཁེ་ལས་མཉམ་ལས་ཟབ་སྒྱུར་བཅས་ལ་དམ་དུ་དམིགས་ནས། ངེས་པ་དོན་གྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་མཐོར་འདེགས་སུ་གཏོང་དགོས། མི་སྐྱོང་གཞི་རྩར་བྱེད་པ་དང་ཤུགས་ཆེན་པོས་སློབ་ཁྲིད་སྤུས་ཚད་མཐོར་འདེགས་བྱེད་པ། ལག་ལེན་རང་བཞིན་གྱི་སློབ་ཁྲིད་དང་རྩལ་ནུས་གསོ་སྦྱོང་སྲ་སྒྱུར་བྱེད་པ། མུ་མཐུད་དུ་ལས་རིགས་སློབ་གསོའི་གསོ་སྦྱོང་མ་ལག་འཐུས་ཚང་དུ་བཏང་ནས། ཧུར་ཐག་གིས་སྤྱི་ཚོགས་ལ་རྩལ་ནུས་ཅན་གྱི་ཕུལ་བྱུང་ཤེས་ལྡན་མི་སྣ་སྔར་ལས་མང་པོ་གསོ་སྐྱོང་བྱེད་དགོས་པ་ནན་གྱིས་བསྟན།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།