ཟླ་དང་པོ་ནས་ཟླ་བརྒྱད་པའི་བར་གྱི་མཚོ་སྔོན་ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་ཐེར་ཆེན་གསུམ་ལས་བརྒལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་བྱ་བའི་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་དུ། མཚོ་སྔོན་གྱིས་ཁྱོན་བསྡོམས་ཡུལ་སྐོར་བ་བྱེ་བ་གཉིས་དང་ས་ཡ་དྲུག་འབུམ་དགུ་ཁྲི་བཞི་ལྷག་སྣེ་ལེན་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་ཐེར་ཆེན་གསུམ་ལས་བརྒལ་ཡོད།

མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་བྱ་བའི་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ཟླ་བརྒྱད་པའི་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་ནས་ཡུལ་སྐོར་བ་བྱེ་བ་གཉིས་དང་ས་ཡ་དྲུག་འབུམ་དགུ་ཁྲི་བཞི་ལྷག་སྣེ་ལེན་བྱས་ཤིང་། དེའི་རིམ་བསགས་འཕར་ཚད་ནི་བརྒྱ་ཆའི་བཅུ་དགུ་རེད། རྒྱལ་ནང་གི་ཡུལ་སྐོར་བ་བྱེ་བ་གཉིས་དང་ས་ཡ་དྲུག་འབུམ་བརྒྱད་ཁྲི་བརྒྱད་ལྷག་སྣེ་ལེན་བྱས་པ་དང་། དེའི་རིམ་བསགས་འཕར་ཚད་ནི་བརྒྱ་ཆའི་བཅུ་དགུ་དང་གྲངས་ཆུང་གཅིག་རེད། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་ཐེར་ཆེན་གསུམ་ལས་བརྒལ་བ་དང་། དེའི་རིམ་བསགས་འཕར་ཚད་ནི་བརྒྱ་ཆའི་ཉེར་གཅིག་དང་གྲངས་ཆུང་བདུན་ལ་སླེབས། སྔོན་དཔག་བྱས་པ་ལྟར་ན། ད་ལོའི་ཟླ་དགུ་བའི་ཟླ་མཇུག་བར་དུ། མཚོ་སྔོན་གྱི་ཡུལ་སྐོར་བའི་ཁ་གྲངས་བྱེ་བ་གསུམ་ལས་བརྒལ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།