ཡུས་ཧྲུའུ་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་གྱི་མཐོ་སྒང་ཤེས་རིག་གྲོང་ཁྱེར་གཅིག་པུ་འཛུགས་སྐྲུན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱིས་དྲ་རྒྱ་ཅན་གྱི་དོ་དམ་དང་ཞིབ་ཕྲ་ཅན་གྱི་སྐུལ་འདེད་རྒྱུན་འཁྱོངས་བྱས་ཏེ《ཡུས་ཧྲུའུ་གྲོང་ཁྱེར་གྱི་རིམ་པ་གསུམ་པའི་དོ་དམ་མ་ལག་འཛུགས་སྐྲུན་བྱས་ནས་ཁྱོན་ཡོངས་ནས་སྡོད་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར》ཕྱིར་བཏོན་པ་དང་། གཙོ་གནད་གཤམ་སྒྱུར་དང་སྟོབས་ཤུགས་གཤམ་གཏོང་། འོག་རིམ་ལ་ཞབས་ཞུ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་གྱི་མཐོ་སྒང་ཤེས་རིག་གྲོང་ཁྱེར་གཅིག་པུ་འཛུགས་སྐྲུན་བྱས།

ཡུས་ཧྲུའུ་གསར་བ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་པ་དང་བསྟུན་ནས་ཡུས་ཧྲུའུ་གྲོང་ཁྱེར་གྱིས་དོ་དམ་བཟང་བ་དང་འཁོར་སྐྱོད་ལེགས་པའི་གྲོང་ཁྱེར་གསར་བའི་སྟེང་ཤུགས་བཏོན་པ་དང་། མ་དངུལ་སྒོར་བྱེ་བ་བཞི་བཏང་ནས་སྤྱི་སྤྱོད་སྒྲིག་ཆས་ཀྱི་རིགས་དང་གཞུང་ལམ་འགྲིམ་འགྲུལ་གྱི་རིགས། གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་གི་རིགས། སྐྱེད་ཚལ་ལྗངས་སྒྱུར་གྱི་རིགས། སྡོད་ཁང་དང་ས་ཆའི་རིགས་དང་གཞན་པའི་འབྲེལ་ཡོད་སྒྲིག་ཆས་སོགས་མཁར་གྲོང་འཛུགས་སྐྲུན་ལས་རིགས་ཀྱི་ལྷུ་ལག་ཆེ་རིགས་དང་། གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག དྲིལ་སྒྲོག་བརྡ་ཁྱབ། ཨར་ལས་དོ་དམ། གློ་བུར་བའི་དོན་རྐྱེན། ལམ་ངོས་ཀྱི་སྒྲིག་ལམ་སོགས་ལས་གཞི་ཆེན་པོ་ལྔ་ལ་གཞིགས་ནས་ཡུས་ཧྲུའུ་རྣམ་པ་ཅན་གྱི་ཤེས་རིགས་གྲོང་ཁྱེར་111གི་བྱ་བའི་མ་ལག་སྟེ། མ་ལག་སྟེགས་བུ་གཅིག་དང་ལྟ་སྐུལ་བཀོད་འདོམས་ལྟེ་གནས་གཅིག ཕྱོགས་བསྡུས་དཔྱད་ཞིབ་དཔྱད་འཇོག་རྐྱེན་སྲོལ་ཆ་ཚང་གཅིག་བཅས་ཡིན་ཞིང་། སྤྱི་བདེ་ལས་ཁུངས་ཀྱི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་བརྒྱ་ཡིས་སྲིད་འཛིན་ཞབས་ཞུ་ལྟེ་གནས་དང་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ། སྤྱི་ཚོགས་འགན་སྲུང་། འགྲིམ་འགྲུལ་ཉེན་རྟོག སྡོད་ཁུལ་གྱི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་བཅས་ཀྱི་ཆ་འཕྲིན་དྲ་སྦྲེལ་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱས་པ་དང་། བྱ་བའི་ས་ཚིགས་དང་སྡོད་ཁུལ། དྲ་རྒྱ་བཅས་རིམ་པ་གསུམ་པའི་སྟེགས་བུ་བཙུགས་ནས་སྡོད་ཁུལ་དང་གཞུང་ལམ། དྲ་རྒྱའི་གཞི་གྲངས་དབྱེ་འབྱེད་དང་གཞུང་ལམ་དང་ཟམ་པའི་གཞི་གྲངས། དགོན་པའི་གཞི་གྲངས་སོགས་གཞི་གྲངས་ཀྱི་བསྡུ་རུབ་དང་ལེགས་སྒྲིག་བྱ་བ་ཡོངས་གྲུབ་བྱས། 12345སྤྱི་དམངས་ཀྱི་ཞབས་ཞུའི་ཨང་གྲངས་ཤར་གཏོང་བྱས་ནས་མང་ཚོགས་ལ་ཞིབ་ཕྲ་ཅན་དང་སྟབས་བདེ་ཅན་གྱི་ས་ཚིགས་གཅིག་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱས་པ་མ་ཟད། དྲ་རྒྱ་ཅན་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་ཏང་འཛུགས་མཉམ་བསྐྲུན་དང་མང་ཚོགས་ཀྱི་བྱ་བ་མཉམ་ལས། དྲ་རྒྱའི་དོ་དམ་མཉམ་འཛིན། སྤྱི་ཐུན་བདེ་འཇགས་མཉམ་སྲུང་། བརྩེ་སེམས་སྟེགས་བུ་མཉམ་བསྒྲུབ། མི་རིགས་མཐུན་སྒྲིལ་མཉམ་བསྐྲུན་དང་སྡོད་ཁུལ་གྱི་དོན་ཆེན་མཉམ་གྲོས་བྱེད་པ། སྡོད་ཁུལ་གྱི་ལས་དོན་ལ་མཉམ་དུ་དོ་དམ་བྱེད་པ། སྡོད་ཁུལ་ཐོན་ཁུངས་མཉམ་སྤྱོད། སྡོད་ཁུལ་གྱི་དཀའ་གནད་མཉམ་སེལ། སྤྱི་ཚོགས་བྱ་འགུལ་མཉམ་བསྒྲུབ། སྡོད་ཁུལ་གྱི་རིག་གནས་མཉམ་སྤེལ་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་གྲུབ་པར་བྱས།

མིག་སྔར། ཤེས་རིག་གྲོང་ཁྱེར་མ་ལག་འཁོར་སྐྱོད་བྱས་ཟིན་པ་དང་། རིག་ནུས་ཅན་གྱི་སྤྱི་ཚོགས་དོ་དམ་ཞུབས་ཞུ་ཕྱོགས་བསྡུས་སྟེགས་བུ་བཙུགས་པ་བརྒྱུད་ནས་སྤྱི་ཚོགས་དོ་དམ་དེ་རགས་རྩིང་ཅན་ནས་ཞིབ་ཕྲ་ཅན་དུ་བསྒྱུར་ལ། སྡོད་དམངས་ཀྱི་ཞབས་ཞུ་དེ་ཐར་ཐོར་ཅན་གྱི་ཞབས་ཞུ་ནས་ས་ཚིགས་གཅིག་ཅན་གྱི་ཕྱོགས་སུ་བསྒྱུར་བ་མངོན་འགྱུར་བྱས་ནས་རིམ་བཞིན་སྤྱི་ཚོགས་དོ་དམ་དང་ཞབས་ཞུ་སྡེ་ཁག་གི་འགན་ནུས་སྒྱུར་བ་མངོན་འགྱུར་བྱས།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།