ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ8པའི་ཚེས30ཉིན་གྱི་ཞོགས་པའི་དུས་ཚོད4དང་སྐར་མ30ཡས་མས་སུ། མགོ་ལོག་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་གསེར་ཆེན་སྡེ་བར་རི་ཉིལ་བའི་གནོད་སྐྱོན་བྱུང་། ཡུལ་དངོས་སུ་ཐོག་མའི་བརྟག་བཤེར་བྱས་པ་བརྒྱུད། ཐེངས་འདིའི་རི་ཉིལ་བའི་གནོད་སྐྱོན་ཁྲོད་གསེར་ཆེན་སྡེ་བའི་འབྲོག་ཁྱིམ3གྱི་མི9འདམ་ཟེགས་འོག་ཏུ་བཅུག་པ་རེད།
པར་འདི་ནི་གནོད་སྐྱོན་ཐེབས་སའི་ལམ་མཚམས་རེད།
པར་འདི་ནི་མྱུར་སྐྱོབ་ཡུལ་དངོས་རེད།
གནོད་སྐྱོན་བྱུང་རྗེས། རྨ་ཆེན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་གཙིགས་སུ་བཟུང་སྟེ། རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཅུའུ་དང་འགྲིམ་འགྲུལ་ཅུའུ། དམངས་སྲིད་ཅུའུ། འཕྲོད་བསྟེན་ཅུའུ། སྤྱི་བདེ་ཅུའུ། མེ་འགོག་རུ་ཁག། གློག་འཕྲིན་སྡེ་ཁག་དང་དྲག་ཆས་ཉེན་རྟོག་དཔོན་དམག་རྩ་འཛུགས་བྱས་ཏེ་གནོད་སྐྱོན་ཡུལ་དངོས་སུ་མྱུར་སྐྱོབ་བྱས། དུས་མཚུངས་སུ་ར་རྒྱ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཧུར་བརྩོན་གྱིས་མི་སྣ་རྩ་འཛུགས་བྱས་ཏེ་མྱུར་སྐྱོབ་བྱས།
པར་འདི་ནི་རི་ཉིལ་བའི་ཡུལ་དངོས་རེད།
ཟླ8པའི་ཚེས30ཉིན་གྱི་ཞོགས་པའི་དུས་ཚོད4སྟེང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་གསེར་ཆེན་སྡེ་བར་རི་ཉིལ་བའི་གནོད་སྐྱོན་བྱུང་སྟེ། འབྲོག་ཁྱིམ3གྱི་མི9ས་འོག་ཏུ་བཅུག་པ་དང་། མིག་སྔར་ས་འོག་ཏུ་བཅུག་པའི་མི9བོ་ཚང་མ་རྙེད་ཟིན་ལ། དེའི་ནང་མི2སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད།
གནོད་སྐྱོན་བྱུང་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཙིགས་སུ་བཟུང་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅུན་གྱིས་མཛུབ་སྟོན་གནང་ནས། མང་ཚོགས་མྱུར་སྐྱོབ་དང་རྒུད་སྐྱོབ་ཀྱི་ཐད་ལ་བཀོད་སྒྲིག་བྱས་ནས་རེ་བ་གསལ་བོ་བཏོན། ཝང་གོ་ཧྲིན་གྱི་མཛུབ་སྟོན་ཁྲོད། མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་ཤུགས་ཆེན་པོས་མྱུར་སྐྱོབ་བཀོད་སྒྲིག་བྱས་ནས་ཤུགས་ཆེན་པོས་ཤི་རྨས་ཇེ་ཉུང་དུ་གཏོང་དགོས་བའི་རེ་བ་བཏོན་ཡོད། ཝང་ཅན་ཅུན་མགོ་ལོག་ཁུལ་དུ་ཐོན་མ་ཐག་མྱུར་ཏུ་མྱུར་སྐྱོབ་བྱ་བའི་སྙན་ཞུ་ལ་ཉན་པ་མ་ཟད། བྲེལ་མྱུར་ངང་མྱུར་སྐྱོབ་བྱེད་པ་དང་ཉེ་འགྲམ་གྱི་མང་ཚོགས་གནས་སྤོར་བ། མིའི་ཚེ་སྲོག་དང་རྒྱུ་ནོར་མྱུར་སྐྱོབ་བྱས་ཏེ། མགྱོགས་མྱུར་ངང་རྗེས་མའི་གནོད་སེལ་རྩད་ཞིབ་བྱ་བ་བསྒྲུབས་ནས་ཡང་བསྐྱར་གནོད་སྐྱོན་འབྱུང་བར་སྔོན་འགོག་ནན་མོ་བྱ་དགོས་པར་བསྟན། ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ་རི་ཉིལ་སའི་ཡུལ་དངོས་སུ་སོང་སྟེ་མྱུར་སྐྱོབ་བཀོད་འདོམས་དང་བྱ་བ་བཀོད་སྒྲིག་བྱས།
མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་། རྨ་ཆེན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ནན་ཏན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་འགོ་ཁྲིད་ཀྱི་བཀོད་སྒྲིག་བླང་བྱ་དངོས་འབེབས་བྱས་ཏེ། ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡུལ་དངོས་སུ་བཀོད་འདོམས་བྱེད་པར་མངགས་ལ། ཁུལ་དང་རྫོང་། གྲོང་རྡལ་བཅས་ཀྱི་ལས་བྱེད་དང་སྤྱི་བདེ། དྲག་ཆས་ཉེན་རྟོག མེ་འགོག འབྲོག་དམངས་བཅས་སྐོང་འཐེན་བྱས་ཏེ་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས། རྨ་ཆེན་རྫོང་དང་འབྲེལ་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཧུར་བརྩོན་གྱིས་རོགས་སྐྱོར་བྱས་ཤིང་། མྱུར་སྐྱོབ་རླངས་འཁོར་དང་སྨན་བཅོས་མི་སྣ་མངགས་ཏེ་ཡུལ་དངོས་སུ་རྨས་མ་མྱུར་སྐྱོབ་དང་དངོས་ཟོག་དབོར་འདྲེན་ལ་རྒྱབ་སྐྱོབ་བྱས། ཉིན་དེའི་དུས་ཚོད14བར་དུ། ས་འོག་ཏུ་བཅུག་པའི་མི་ཚང་མ་རྙེད་ཟིན་པ་དང་། དེའི་ནང་མི7ཤི་ལ། མི2ལ་རྨས་ཕོག་ཡོད། རྨས་ཕོག་པའི་མི་གཉིས་ཀ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། མིག་སྔར་ཚེ་སྲོག་ལ་གནོད་སྐྱོན་མེད་པ་རེད། ཆུ་འཁྱིལ་བ་ད་ལྟ་ཆུ་ལམ་གཤང་བཞིན་ཡོད་པ་དང་། སྨད་རྒྱུད་ཀྱི་འབྲོག་དམངས60ལྷག་བདེ་འཇགས་ངང་གནས་སྤར་ཡོད། ཞིང་ལམ101ཁེགས་པ་དེ་ཚོད་དཔག་ལྟར་ན་ཟླ9བའི་ཚེས1ཉིན་བར་དུ་རླངས་འཁོར་གཏོང་ཐུབ་རྒྱུ་རེད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
རྨ་ཆེན་རྫོང་གི་རི་ཉིལ་བའི་གནོད་སྐྱོན་ལ་ཝང་གོ་ཧྲིན་དང་ཝང་ཅན་ཅུན་རྣམ་གཉིས་ཀྱིས་མཆན་བཀོད་མཛད།