ཞིན་ཧེ་རྫོང་གིས་ཁོར་སྲུང་ལྟ་ཞིབ་བྱ་བར“བསྐྱར་ཞིབ”རྩ་འཛུགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གིས་ལས་བྱེད་མི་སྣ་ལས་བགོས་བྱས་ཏེ་ཞིང་ཆེན་དང་ཁུལ་ཁོར་སྲུང་ལྟ་ཞིབ་ཚོགས་པར་གཏུག་བཤེར་གནད་དོན་དང་ཁོར་སྲུང་ལྟ་ཞིབ་གནད་དོན་གནས་ཚུལ་ལ“བསྐྱར་ཞིབ”བྱས་ཏེ་དོན་འཁྱོལ་བྱས་པ། ལྟ་ཞིབ་ཚོགས་པས་འགྲིམ་འགྲུལ་ཉེ་འགྲམ་གྱི་ཟེགས་དོང་བཟོ་གྲྭ5དང་གཏེར་འདོན་ཁེ་ལས4གཙོ་བོར་བཟུང་སྟེ་མང་ཚོགས་ཀྱིས་བསམ་འཆར་ཡོད་པའི་གནད་དོན་ལ་དག་ཐེར་བྱས་པར་མ་ཟད། ཡུལ་དངོས་ལ་སོང་སྟེ་གཏེར་འདོན་ཁེ་ལས་སོགས་བཟོ་གྲྭས་བཟོས་པའི་སྙིགས་ཆུའི་འབག་བཙོག་ལ་ལེགས་བཅོས་བྱས་པའི་གནས་ཚུལ་ཐག་གཅོད་བྱས། དེ་མིན་ལྟ་ཞིབ་ཚོགས་པའི་རེ་བ་བཏོན་པ་གཤམ་ལྟར། དཔྱད་གཞི་གྱོད་གཞིའི་ལེགས་བཅོས་བྱ་བ་ནན་སྒྲུབ་བྱེད་དགོས་པ། དཔྱད་གཞིའི་ཡིག་ཆ་ལ་ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་ཁོར་སྲུང་ལྟ་ཞིབ་ཚོགས་པའི་ཞིབ་དཔྱད་བྱེད་དགོས་པ་དང་ཁོར་སྲུང་གནད་དོན་ལེགས་བཅོས་ཐད་ཤུགས་སྣོན་པ། དེའི་ནང་རྫོང་མཁར་ཉེ་འགྲམ་དུ་སྙིགས་ཆུའི་འབག་བཙོག་དང་ས་རྐོ་རྡོ་སློག སྒེར་བཙུགས་ཁང་པ་སོགས་ཀྱི་གནད་དོན་ལེགས་བཅོས་བྱས་ཏེ་བསྐྱར་གསོ་བྱེད་དགོས་པ།

ཁེ་ལས་བཟོ་གྲྭ་སོ་སོའི་ནུས་ཕན་བྱེད་ཐབས་སྤྱད་དེ་རྫོང་ཡོངས་ཀྱི་ཁོར་སྲུང་ལྟ་ཞིབ་ལེགས་བཅོས་ནན་སྲུང་བྱས་ཏེ་གནད་དོན་ལ་དག་ཐེར་བྱས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།