ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚན་ཁག་བདུན་པས་མཚོ་སྔོན་ལ་སྐོར་བཅུ་གཉིས་པའི་མང་ཚོགས་ཀྱི་ཡིག་སྐུར་གཏུག་བཤེར་དོན་རྐྱེན་གྱི་དཔྱད་གཞི79བརྒྱུད་སྤྲོད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོའི་ཟླ8པའི་ཚེས21ཉིན་གྱི་སྔ་དྲོའི་ཆུ་ཚོད9དང་སྐར་མ28སྟེང་། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚན་ཁག་བདུན་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཐེངས་བཅུ་གཉིས་པའི་མང་ཚོགས་ཀྱི་ཡིག་སྐུར་གཏུག་བཤེར་དོན་རྐྱེན་གྱི་དཔྱད་གཞི79བརྒྱུད་སྤྲོད་བྱས་ལ། དེའི་ནང་དུ་ཟི་ལིང་གྲོང་ཁྱེར་གྱི་དོན་རྐྱེན40དང་། མཚོ་ཤར་གྲོང་ཁྱེར་གྱི་དོན་རྐྱེན28། མཚོ་ནུབ་ཁུལ་གྱི་དོན་རྐྱེན3། མཚོ་ལྷོ་ཁུལ་གྱི་དོན་རྐྱེན3། མཚོ་བྱང་ཁུལ་གྱི་དོན་རྐྱེན2། ཡུལ་ཤུལ་ཁུལ་གྱི་དོན་རྐྱེན1། རྨ་ལྷོ་ཁུལ་གྱི་དོན་རྐྱེན2བཅས་ཡོད།  ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚན་ཁག་གིས་གཙོ་བོ་དོན་རྐྱེན4ལ་དོ་ཁུར་བྱེད་བཞིན་ཡོད། དེའི་ཁྲོད་ཟི་ལིང་གྲོང་ཁྱེར་གྱི་དོན་རྐྱེན1དང་། མཚོ་ཤར་གྲོང་ཁྱེར་གྱི་དོན་རྐྱེན1། མཚོ་ནུབ་ཁུལ་གྱི་དོན་རྐྱེན1། རྨ་ལྷོ་ཁུལ་གྱི་དོན་རྐྱེན1བཅས་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།