མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་བརྒྱ་དང་གསུམ་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་བརྒྱ་དང་གསུམ་པ་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་སྟག་འབུམ་ཐར། སུའུ་ཉིན། དབང་མོ། ཚའོ་ཝུན་ཧུའུ། ཚའོ་ཧུང་། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། མུའུ་ཏུང་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་དྲུག་པའི་གྲོས་གཞི་དང་གྲོས་ཚོགས་བསྡུ་བའི་དུས་ཚོད་སྐོར་གྱི་བསམ་འཆར་ལ་གྲོས་ཞིབ་བྱས་པ་མ་ཟད། མི་རིགས་དང་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གི«མཚོ་སྔོན་ཞིང་ཆེན་གྱི་མུའུ་སི་ལིན་ཟས་རིགས་ཐོན་སྐྱེད་ཚོང་གཉེར་དང་དོ་དམ་སྲོལ་ཡིག»བཟོ་བཅོས་བྱེད་པའི་སྐོར་གྱི་སྙན་ཞུ་དང་། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི«ཟི་ལིང་གྲོང་ཁྱེར་གྱི་གླ་གཏོང་རླངས་འཁོར་གྱི་འགྲུལ་སྐྱེལ་དོ་དམ་འཆར་ཟིན་སྲོལ་ཡིག»གི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ། ནང་སྲིད་ཨུ་ཡོན་ལྷན་ཁང་གི་ཆེད་དོན་འཆད་ཁྲིད་བཀོད་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན།

ཚོགས་ཐོག་ནས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི«མཚོ་སྔོན་ཞིང་ཆེན་གྱི2016ལོའི་ནོར་སྲིད་ངེས་རྩིས་འཆར་ཟིན་གྱི་སྙན་ཞུ»དང«མཚོ་སྔོན་ཞིང་ཆེན་གྱི2017ལོའི་ལོ་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ»། «2016ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་འགྲོ་ཡོང་གཞན་པའི་རྩིས་བཤེར་བྱ་བའི་ཐད་ཀྱི་སྙན་ཞུ»། «2015ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་འགྲོ་ཡོང་གཞན་པར་རྩིས་བཤེར་བྱས་ནས་རྙེད་པའི་གནད་དོན་ལ་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ»། «མཚོ་སྔོན་ཞིང་ཆེན་གྱི2017ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ»བཅས་ཀྱི་གྲོས་ཞིབ་ཐད་བཏོན་པའི་གྲོས་གཞི་དང་། ཞིང་ཆེན་ཞིང་ཕྱུགས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི«ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཞིབ་བསམ་འཆར་དང་ཆེད་དོན་འདྲི་གཅོད་སྐབས་སུ་བསྒྲུབ་རྒྱུར་ཁས་བླངས་པའི་བྱ་བ་ལག་བསྟར་བྱས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུའི»གྲོས་ཞིབ་ཐད་ནས་བཏོན་པའི་གྲོས་གཞི། ཁོར་ཡུག་དང་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི«2016ལོའི་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གནས་བབ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་ཡོངས་འགྲུབ་བྱས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུའི»་གྲོས་ཞིབ་ཐད་བཏོན་པའི་གྲོས་གཞི། «ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2018ལོ་ནས2022ལོའི་ཁྲིམས་འཛུགས་འཆར་ཟིན་འཆར་འགོད་སྒྲིག་བཟོ་བྱ་བའི་ཇུས་གཞི»བཅས་ལ་གྲོས་བསྡུར་བྱས་པ་མ་ཟད། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་འཆར་གཞི་སྔོན་རྩིས་རྩིས་བཤེར་གསོ་སྦྱོང་འཛིན་གྲྭ་བསྡུ་བའི་སྐོར་གྱི་སྙན་ཞུ་ལ་ཉན།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།