གསོན་ཉམས་ལྡན་པའི་ཏང་གི་སློབ་ཁྲིད་ཐེངས་ཤིག    

“བློ་མཐུན་ཝང་ཀྲའོ་ནི་ཧོ་པེ་ཡི་གཟི་བརྗིད་དང་སྤྱི་བདེ་འཐབ་ཕྱོགས་ཀྱི་གཟི་བརྗིད། མི་དམངས་དམག་དཔུང་གི་གཟི་བརྗིད། མཚོ་སྔོན་གྱི་གཟི་བརྗིད་བཅས་ཡིན་པར་མ་ཟད། རང་རེའི་ཏང་དང་རྒྱལ་ཁབ་ཀྱི་གཟི་བརྗིད་ཀྱང་ཡིན།” ཟླ7པའི་ཚེས20ཉིན། མཚོ་སྔོན་གྲོས་ཚོགས་ལྟེ་གནས་ཀྱི་སུམ་ཐོག་ཁུ་ནུ་ཚོམས་ཁང་དུ། བློ་མཐུན་ཝང་ཀྲའོ་སྐུ་བལྟམས་ནས་ལོ་འཁོར100ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། མཚོ་སྔོན་དང་ཧོ་པེ། སྤྱི་བདེ་པུའུ་བཅས་ནས་ཡོང་བའི་མགོ་ཁྲིད་བློ་མཐུན་དང་བློ་མཐུན་ཝང་ཀྲའོ་ཡི་གཉེན་ཉེ་གྲོགས་པོ།  ད་དུང་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི160ལྷག་གིས་མཉམ་དུ་བློ་མཐུན་ཝང་ཀྲའོ་ཡིས་ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་ལས་དོན་དང་སྤྱི་ཚོགས་རིང་ལུགས་གསར་བརྗེ། འཛུགས་སྐྲུན་ལས་དོན་བཅས་ཀྱི་ཐད་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་ཕུལ་བར་སེམས་གཏིང་ནས་དྲན་གསོ་ཞུས་པ་དང་། ཁོང་གི་གསར་བརྗེ་སྙིང་སྟོབས་དང་བླ་ན་མེད་པའི་གཤིས་ཀར་སློབ་སྦྱོང་བྱས་ཤིང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། རིགས་སོ་སོའི་མང་ཚོགས་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་སྐུལ་མ་བཏང་།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲེང་གིས་གཏམ་བཤད་སྐབས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། “དེ་རིང་བློ་མཐུན་ཝང་ཀྲའོ་ལ་རྗེས་དྲན་ཞུ་བ་ནི་གསོན་ཉམས་ལྡན་པའི་ཏང་གི་སློབ་ཁྲིད་ཐེངས་ཤིག་ཡིན་ལ། གཏམ་བཤད་པའི་བློ་མཐུན་གྱིས་གཏམ་བཤད་པ་ཧ་ཅང་ཡིད་འགུལ་ཐེབས་པ་ཞིག་གནང་སོང་། ང་ཚོ་འདིར་བཞུགས་ཀྱི་བློ་མཐུན་རྣམ་པ་བློ་མཐུན་ཝང་ཀྲའོ་ཡིས་བཞག་པའི་བྱས་རྗེས་ལ་ཡིད་འགུལ་ཚད་མེད་ཐེབས་སོང་། འདི་ནི‘འདུ་ཤེས་བཞི’ལ་ཤུགས་སྣོན་པའི་སློབ་གསོ་ཟབ་མོ་ཞིག་ཡིན་ལ། ལས་བྱེད་པ་བཟང་པོའི་ཚད་གཞི་ལག་ཏུ་བསྟར་བའི་གསོན་ཉམས་ཅན་གྱི་སློབ་གསོ་ཐེངས་ཤིག་དང་།  མི་དམངས་ལྟེ་བ་བྱེད་པའི་བསམ་བློའི་སློབ་གསོ་ཐེངས་ཤིག་ཡིན།”

ཐུན་མིན་གྱི་ལོ་ཟླ་ཟིན་ཐོར་བཀོད་པའི་རི་མོ་རེ་རེ་དང་།  མི་སེམས་རབ་ཏུ་འགུལ་བའི་འདས་དོན་རེ་རེ། “མི་དམངས་ཀྱི་ཧྲེང་ཀྲང་བཟང་པོ”རྗེས་སུ་དྲན་པའི་འགུལ་རིས་རེ་རེ་ཡིས། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་མིག་མདུན་དུ་བློ་མཐུན་ཝང་ཀྲའོ་ཡིས་ཏང་དང་མེས་རྒྱལ། མི་དམངས་བཅས་ལ་བཅངས་པའི་བརྩེ་བ་ངོ་མ་གསོན་ཉམས་ལྡན་པའི་སྒོ་ནས་བསྟར་ཞིང་།  མི་ཚང་མར“གུང་ཁྲན་ཏང་གི་དགོངས་དོན་དང་ངོ་བོ”ཅི་ལྟ་བུ་ཞིག་ཡིན་པ་དང་། “གུང་ཁྲན་ཏང་མིའི་རང་མདངས་དང་རང་གཤིས”ཅི་ལྟ་བུ་ཞིག་ཡིན་པ། “མིག་དཔེའི་སྟོབས་ཤུགས”ཅི་ལྟ་བུ་ཞིག་ཡིན་པ་གསལ་པོར་ཤེས་སུ་བཅུག་སོང་།

“འདི་ནི‘འདུ་ཤེས་བཞི’ལ་ཤུགས་སྣོན་པའི་སློབ་གསོ་ཟབ་མོ་ཞིག་ཡིན།”

བརྩེ་བ་མི་དམངས་ལ་བཅངས་ཤིང་། བློ་གཅིག་སེམས་གཅིག་གིས་གཞུང་དོན་བསྒྲུབས་པ་དེས། ཝང་ཀྲའོ་ཡི་བླ་ན་མེད་པའི་བསམ་པའི་སྙིང་སྟོབས་མཚོན་ཞིང་། གུང་ཁྲན་ཏང་མིའི་གོམས་གཤིས་སུ་ཆགས་པའི་སྲོལ་རྒྱུན་བཟང་པོ་ཚུར་སྣང་བྱས་པའང་རེད།

ཚོགས་རའི་ནང་། ཚང་མས་བློ་སེམས་རྩེ་གཅིག་གིས་སྤྱི་ཚོགས་ཀྱི་ལས་རིགས་ཁག་ནས་ཡོང་བའི་འཐུས་མིས་ཡིད་སེམས་འགུལ་བའི་གཏམ་བཤད་པ་དང་ཧྲུའུ་ཅི་ཝང་གོ་ཧྲེང་གིས་བརྩེ་བ་ཟབ་མོས་གཏམ་བཤད་པར་མཉན་པར་མ་ཟད།  སྐབས་སྐབས་སུ་ཟིན་ཐོར་འགོད་བཞིན་འདུག

ད་ལོ་ལོ་ན76ལ་སོན་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་པ་སངས་རྒྱས་སྐྱབས་ཀྱིས་རང་ཉིད་ཀྱིས་ཞ་སྨྱུག་གིས་བྲིས་པའི་ཟིན་དེབ་ཤོག་ངོས18པོ་བཟུང་སྟེ། བློ་མཐུན་ཝང་ཀྲའོ་ཡིས་ཞིང་ཆེན་གྱི་གནས་ཚུལ་རྒྱུས་ལོན་ཟབ་མོ་བྱེད་ཆེད། ཁ་ཆར་བུ་ཡུག་དང་གྲང་རླུང་གདོང་གིས་བསུས་ནས།  ཐང་སྟོང་དང་རྩྭ་ཐང་། རི་བོ་དང་ཆུ་ཀླུང་བརྒལ་ཏེ་གཞི་རིམ་ལ་ཟབ་ཞུགས་དང་མང་ཚོགས་ཁྲོད་ཟབ་ཞུགས་སྒོས་མང་ཚོགས་ཀྱི་སེམས་གཏམ་མཉན་ཏེ། མང་ཚོགས་ཀྱི་སེམས་ཁྲལ་བསལ་བ་དང་མང་ཚོགས་ལ་དོན་དངོས་བསྒྲུབས་པའི་གཏམ་རྒྱུད་ཡིད་སེམས་འགུལ་བའི་ངང་བཤད་བྱུང་། སྐབས་སྐབས་སུ་སངས་རྒྱས་སྐྱབས་ཀྱི་མགྲིན་པ་བརྣངས་ཤིང་། ཚོགས་ཞུགས་འཐུས་མིའི་མིག་ཆུ་ཤམ་ཤམ་དུ་བཞུར།  ཐལ་མོ་རྡེབ་སྒྲ་དང་མཉམ་དུ།  བློ་མཐུན6གིས་རིམ་པ་བཞིན་གཏམ་བཤད་ཅིང་། དེ་ནི་དུས་ཀྱི་བར་སྟོང་བརྒལ་ཞིང་སྔར་དྲན་དེང་སེམས་བྱེད་པ།  བརྩེ་བ་ངོ་མས་ཕྱུག་ཅིང་དྲན་གདུང་ཚད་མེད་ཁུར་པ་ཞིག་རེད། ཚང་མར་བསམ་བློའི་སློབ་གསོ་དང་ཏང་གཤིས་ཀྱི་སློབ་གསོ་ཟབ་མོ་ཞིག་ཐོབ་པས། རྗེས་དྲན་བྱ་འགུལ་ནི་ཧྲུའུ་ཅི་ཝང་གོ་ཧྲེང་གིས་བསྟན་པའི“གསོན་ཉམས་ལྡན་པའི་སློབ་ཁྲིད་ཐེངས་ཤིག”ཏུ་གྱུར།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཞུས་ཞིན་ཀོ་ཡིས་མྱོང་ཚོར་ཡོད་པའི་སྒོ་ནས་བཤད་རྒྱུར། “ང་ཚོས་ཧྲུའུ་ཅི་ཝང་གོ་ཧྲེང་གི་གཏམ་བཤད་ཀྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་བསྟར། བློ་མཐུན་ཝང་ཀྲའོ་ཡི་ལུས་སྟེང་ནས་བསམ་པའི་སྟོབས་ཤུགས་ཆེན་པོ་འབྱིན་ལེན་བྱས་ཏེ། ཕུགས་བསམ་ཡིད་ཆེས་བརྟན་པོ་དང‘འདུ་ཤེས་བཞི’ཇེ་དྲག་ཏུ་གཏོང་བ།  གུང་ཁྲན་ཏང་མིའི་བསམ་པའི་སྙེག་ཕྱོགས་བརྟན་པོར་གཏོང་བ།  འགན་འཁྲི་ཡོད་པ། བརྩེ་བ་ལྡན་པ།  བདེན་ལུགས་སྙེག་པ་བཅས་ཀྱིས། ཐོག་མའི་ཆོད་སེམས་མི་བརྗེད་པ་དང་ཧུར་ཐག་མདུན་སྐྱོད་བྱས་ཏེ། བསམ་པའི་རྣམ་འགྱུར་བཟང་པོ་དང་གྲུབ་འབྲས་ཕུལ་བྱུང་བླངས་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས།”

“འདི་ནི་ལས་བྱེད་པ་བཟང་པོའི་ཚད་གཞི་ལག་བསྟར་བྱས་པའི་གསོན་ཉམས་ལྡན་པའི་སློབ་གསོ་ཐེངས་ཤིག་རེད།”

ཧྲུའུ་ཅི་ཝང་གོ་ཧྲེང་གིས་གཏམ་བཤད་པའི་ཁྲོད་བསྟན་པ་བཞིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བཏོན་པའི“ཡིད་ཆེས་བརྟན་པོ།  དམངས་ལ་ཞབས་ཞུ། དངོས་དོན་བདེན་བརྩོན། འགན་ཁུར་ཕོད་པ། སྤྱོད་གཙང་སྲིད་གཙང”བཅས་ནི་ལས་བྱེད་པ་བཟང་པོའི་ཚད་གཞི་གལ་ཆེན་ཡིན་ལ། བློ་མཐུན་ཝང་ཀྲའོ་ཡི་ལུས་སྟེང་དུ་སྔ་མོ་ནས་ལེགས་པར་མངོན་ཡོད། ཚོགས་ཐོག་ཏུ། བློ་མཐུན་གཏམ་བཤད་པས་བློ་མཐུན་ཝང་ཀྲའོ་ཡིས་སྐབས་དེར“སེམས་ཐོན་པ།  མིག་ཐོན་པ། རྐང་པ་ཐོན་པ། ལག་པ་ཐོན་པ།  ཁ་ཐོན་པ”བཅས་ཀྱི་བྱ་བའི་སྒྲུབ་སྟངས་དར་སྤེལ་བཏང་བར་མ་ཟད། རང་ཉིད་དངོས་ཀྱིས་ལག་ལེན་བྱས་པ་གླེང་བས། ཚོགས་ཞུགས་མི་སྣར་གཅིག་མཐུན་གྱི་མྱོང་ཚོར་ཆེན་པོ་བྱུང་།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཡེ་ཝན་པིན་གྱིས་བཤད་རྒྱུར། “དེ་རིང་གི་བཞུགས་མོལ་ཚོགས་འདུས་རང་ཉིད་ལ་མར་ལེ་རིང་ལུགས་ཀྱི་ཕུགས་བསམ་ཡིད་ཆེས་དང་དགོངས་དོན་འདུ་ཤེས་ཀྱི་སློབ་ཁྲིད་སློབ་གསོ་གསོན་ཉམས་དང་ལྡན་པ་ཞིག་བྱས་ཤིང་།  ངའི་ཡིད་སེམས་རབ་ཏུ་འགུལ་ཞིང་སེམས་པར་བྱབ་ཁྲུས་ཐེངས་ཤིག་ཀྱང་བྱས་སོང་།  ཧྲུའུ་ཅི་ཝང་གོ་ཧྲེང་གི་གཏམ་བཤད་ཀྱིས་ང་ཚོར་རང་རྟོགས་སྒོས་བློ་མཐུན་ཝང་ཀྲའོ་ལ་སློབ་སྦྱོང་བྱེད་དགོས་པའི་སྐུལ་མ་བཏང་ཞིང་། ཁོའི་གསར་བརྗེའི་སྙིང་སྟོབས་དང་བླ་ན་མེད་པའི་ཀུན་སྤྱོད།  སྤྱོད་ཚུལ་བཟང་པོ་བཅས་ལ་སློབ་སྦྱོང་བྱས་ཏེ། རང་ཉིད་ཀྱི་དོན་དངོས་དང་ཟུང་དུ་སྦྲེལ་བ་དང་རང་ཉིད་ལ་རེ་བ་ནན་མོ་བཏོན་ནས།  ཉི་མ་རེ་རེ་བཞིན་དམ་འཛིན་དང་བྱ་བ་རེ་རེ་བཞིན་ལེགས་པར་བསྒྲུབས་ཏེ། འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་དགོས།”

ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པ་ལིའུ་མེ་ཡིས་བཤད་རྒྱུར།  “དེ་རིང་བློ་མཐུན་ཝང་ཀྲའོ་ཡི་སྐུ་ཚེ་གང་གི་མཛད་རྗེས་ལ་བསྐྱར་དུ་མཇལ་བས། སློབ་གསོ་ཟབ་མོ་ཐོབ་ཅིང་། ང་ཚོས་ཧྲུའུ་ཅི་ཝང་གོ་ཧྲེང་གི་གཏམ་བཤད་ཀྱི་དགོངས་དོན་ཁྲིད་སྟོན་དུ་བརྩི་བ་དང་། བློ་མཐུན་ཝང་ཀྲའོ་མིག་དཔེ་རུ་བཟུང་ནས། ཡང་དག་པའི་འཇིག་རྟེན་ལྟ་ཚུལ་དང་དབང་ཆ་ལྟ་ཚུལ།  ལས་དོན་ལྟ་ཚུལ་བཅས་ཆགས་པར་བྱེད་ཅིང་། ལག་གི་དབང་ཆ་མི་དམངས་ཀྱིས་བསྩལ་པ་སེམས་ལ་བཟུང་སྟེ། དབང་ཆ་ཡང་དག་པར་སྤྱོད་པ་དང་གཞུང་དོན་དུ་དབང་ཆ་སྤྱོད་པ། ཁྲིམས་ལྟར་དབང་ཆ་སྤྱོད་པ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་།  རང་འགུལ་སྒོས་ལྟ་སྐུལ་དང་ལེན་དང་རང་མོས་སྒོས་ལྟ་སྐུལ་དང་ལེན་བྱེད་པ། ‘སྤྱོད་ཚུལ་བཞི’ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། དམིགས་བསལ་གྱི་དབང་ཆ་མཐའ་གཅིག་ཏུ་འགོག་པ།  ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་ཀྱིས། ཁེ་གྲགས་མི་གཉེར་བ་དང་སྒེར་ཕན་མི་འདོད་པ།  གྲོན་ཆུང་ནན་ཏན་དང་དཀའ་སྤྱད་ལས་སྒྲུབ་བྱས་ནས། དུས་ནམ་ཡང་གུང་ཁྲན་ཏང་མིའི་སྤྱོད་གཙང་གི་རང་མདངས་སྲུང་དགོས། ”

“འདི་ནི་མི་དམངས་ལྟེ་བ་ཡིན་པའི་བསམ་བློའི་སློབ་གསོ་ཐེངས་ཤིག་ཡིན།”

ཝང་ཀྲའོ་ཡི་ཚེ་ཕྱེད་དམག་ནང་དུ་འདས་ཤིང་། འཐབ་མོ་སྣ་ཚོགས་བརྒྱུད་མྱོང་། ཚེ་གང་པོར་དཀའ་སྤྱད་གང་མང་མྱོང་ཞིང་།  བྱས་རྗེས་བླ་ན་མེད་པ་བཞག་ཡོད། དཀར་པོའི་འཇིགས་སྐུལ་དང་རི་འགོག་དམག་འཁྲུག་ནས་བཅིངས་འགྲོལ་དམག་འཁྲུག  མེ་འགོག་ཁྲའོ་རོགས་བཅས་ཡིན་ནའང་འདྲ། ཀྲུང་གོ་གསར་པའི་སྤྱི་བདེ་དང་ཆབ་སྲིད་བྱ་བའི་རྨང་གཞི་འདིང་བ་ནས་ལོ་གསུམ་གྱི་དཀའ་སྡུག་དུས་སུ་མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་བྱ་བའི་འགན་ཁུར་པ་ཡིན་ནའང་འདྲ། བཙོན་ནང་ནས་མ་ཉེས་ཁག་གཡོགས་ཚུལ་གྱིས་མནར་གཅོད་མྱངས་ནའང་ཁོས་ནམ་ཡང་ཐོག་མའི་ཆོད་སེམས་མི་བརྗེད་པ་དང་བློ་བརྟན་འགྱུར་མེད་སྒོས། སེམས་པ་མང་ཚོགས་དང་སྦྲེལ་ནས་ལས་འགན་བརྟན་སྲུང་བྱས། ཧྲུའུ་ཅི་ཝང་གོ་ཧྲེང་གིས་གཏམ་བཤད་སྐབས་བསྟན་པ་ནང་བཞིན། ལས་རྐང་གང་ཞིག་ཏུ་ཡོད་ཀྱང་། བློ་མཐུན་ཝང་ཀྲའོ་ཡིས་དགོངས་དོན་སེམས་སུ་བཟུང་ཞིང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་བསམས་ཏེ། དུས་ནམ་ཡང་མི་དམངས་མང་ཚོགས་དང་མཉམ་དུ་དབུགས་རྔུབ་འབྱིན་དང་ལས་དབང་གཅིག་ཏུ་ཁུར་པ་རེད།

དད་མོས་ཀྱི་སྟོབས་ཤུགས་ནི་མིའི་སེམས་གཏིང་དུ་ཟུག་པ་ཞིག་སྟེ།  སྔ་རབས་པའི་བྱས་རྗེས་བརྒྱུད་སྤེལ་བྱེད་པའི་སྟོབས་ཤུགས་དང་མིག་དཔེའི་ནུས་པ་དེས་མི་ལ་ཡར་སྐུལ་གྱི་ནུས་པ་བླ་ལྷག་ཐོན་ཡོང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་བཤད་དོན།  མཚོ་སྔོན་དུ་མི་རིགས་མང་པོ་འདུས་སྡོད་བྱས་པ་ཡིན་པས།  རིགས་སོ་སོའི་མང་ཚོགས་ཀྱིས་ལོ་བཅུ་ཕྲག་རིང་སེམས་གཏིང་ནས་བློ་མཐུན་ཝང་ཀྲའོ་དྲན་ཡོང་བ་ནི་ཧྲེང་ཀྲང་རྒན་པ་ཁོང་གིས་མཚོ་སྔོན་གྱི་ས་གཞི་ཆེན་པོ་འདིའི་སྟེང་འཚོ་བའི་རིགས་སོ་སོའི་མི་དམངས་སེམས་ཀྱི་ཆེས་མཐོ་སར་བཞག་པས་ཡིན་ལ། འགུལ་སྐྱོད་དངོས་ལ་བརྟེན་ནས་རིགས་སོ་སོའི་མང་ཚོགས་ཀྱི་སེམས་སུ་གུང་ཁྲན་ཏང་མི་ཞིག་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་བསམ་པའི་རྡོ་རིང་ཞིག་བསླངས་པས་རེད།

མཚོ་སྔོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་སློབ་མའི་འཐུས་ཚབ་པ་ཝང་ཧྲེང་དབྱང་གིས་བཤད་རྒྱུར། “དེ་རིང་ཧྲུའུ་ཅི་ཝང་གོ་ཧྲེང་གིས་གཏམ་བཤད་སྐབས་བློ་མཐུན་ཝང་ཀྲའོ་ཡིས་ལག་འོག་གི་མི་ལ་གནང་བའི་གོ་བདེ་ཞིང་དོན་ཟབ་པའི་བསླབ་བྱའི་སྐད་ཆ་དམིགས་སུ་བཟུང་ནས་བཏོན་བྱུང་བ་སྟེ། ‘ལས་བྱེད་པས་མི་དམངས་ལ་ཞབས་འདེགས་ཞུ་བ་ལས། མི་དམངས་ཤོག་སྒོར་ལ་ཞབས་འདེགས་ཞུ་མི་རུང’ཞེས་པའི་སྐད་ཆ་འདི་ནི་ཅི་འདྲའི་གཏིང་ཟབ་པ་ཞིག་རེད་ཨང་།  ཧྲུའུ་ཅི་ཝང་ལགས་ཀྱིས་གུང་ཁྲན་ཏང་མིས་འབངས་མི་སེར་ཁྲོད་རྐང་ཚུགས་པ་ཇི་ལྟར་ཟབ་ན། འབངས་མི་སེར་གྱིས་ཁྱོད་ལ་དེ་ལྟར་བཀུར་བསྟི་བྱེད་ངེས་ཞེས་བཤད་བྱུང་། ན་གཞོན་སློབ་མ་ང་ཚོར་མཚོན་ན་ཡང་ཕུགས་བསམ་ཡིད་ཆེས་བརྟན་པོར་བཅངས་ནས། ལོ་བརྒྱ་ཕྲག་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འབྱུང་བའི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་དགོས།”

བློ་མཐུན་ཝང་ཀྲའོ་ཡི་དམ་ཚིག་དང་དེའི་ཆེད་དུ་འབད་བརྩོན་བྱས་པའི་ལས་དོན་དེ་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པའི་སྒང་ཡིན་ལ།  ཧུར་ཐག་འབད་འཐབ་ཀྱིས་དོན་དངོས་གཉེར་བའི་མཛེས་སྡུག་གི་ཕུགས་བསམ་དེ་གོམ་གང་མདུན་སྤོས་ཀྱིས་མངོན་འགྱུར་བྱེད་སྒང་ཡིན།  རླབས་ཆེ་བའི་ལས་དོན་མཐའ་དག་ནི་སྔ་མཐུད་ཕྱི་འདྲེན་དང་སྔ་འཛིན་ཕྱི་བཏོད་བྱེད་དགོས།  ཧྲུའུ་ཅི་ཝང་གོ་ཧྲེང་གིས་ནན་གྱིས་བསྟན་དོན།  བློ་མཐུན་ཝང་ཀྲའོ་ཡིས་ཏང་ལ་ལྷག་བསམ་ཟོལ་མེད་ཀྱིས་དངོས་ཐོག་བདེན་འཚོལ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་བསམ་པ། སྒེར་སེམས་མེད་པར་གསོལ་འབུལ་བྱེད་པའི་བླ་མེད་ཀྱི་གཤིས་རྒྱུད་དེ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་དར་སྤེལ་མཛད་པའི་གུང་ཁྲན་ཏང་ཡོན་གྱི་ཕུགས་བསམ་དང་ཡིད་ཆེས། སྙིང་སྟོབས།  སྤྱོད་ཚུལ་བཅས་དང་གཅིག་མཐུན་ཡིན་ལ། ང་ཚོ་གུང་ཁྲན་ཏང་ཡོན་རེ་རེས་ངེས་པར་སློབ་སྦྱོང་དང་འཛོམས་དགོས་པའི་ཆ་རྐྱེན་ཞིག་རེད།  ང་ཚོས་བློ་མཐུན་ཝང་ཀྲའོ་རྗེས་སུ་དྲན་དགོས་ན། གསར་བརྗེ་སྔོན་རབས་པ་མིག་དཔེར་བཟུང་ནས།  ཐོག་མའི་ཆོད་སེམས་མི་བརྗེད་པ་དང་སྔ་འཛིན་ཕྱི་བཏོད་ཀྱིས།  ཏང་དང་མི་དམངས་ཀྱི་ལས་དོན་རྒྱུན་ཆད་མེད་པར་མདུན་དུ་བསྐུལ་དགོས། ཧྲེང་ཀྲང་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་ཀྱང་ནན་གྱིས་བསྟན་དོན། དད་འདུན་དང་འགན་འཁྲི། ཁུར་དུ་ལེན་པ་བཅས་ནི་བྱེ་བྲག་ཡིན་ཏེ། བློ་མཐུན་ཝང་ཀྲའོ་ལ་སློབ་སྦྱོང་བྱེད་པའི་ཆོད་སེམས་དང་ཧྲུའུ་ཅི་ཝང་གོ་ཧྲེང་གིས་གཏམ་བཤད་པའི་ཁྲོད་བཏོན་པའི་བླང་བྱ་བྱེ་བྲག་གི་འགུལ་སྐྱོད་དུ་བསྒྱུར་དགོས།  ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་བཤད་རྒྱུར།  སྔ་རབས་པས་བརྒྱུད་པའི་རྒྱུག་མཐུད་དབྱུག་གུ་རྒྱུན་འཛིན་ལེགས་པར་བྱེད་དགོས་ན། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་།  སྔར་ལས་ཆེ་བའི་གཟི་བརྗིད་བརྩོན་ལེན་བྱས་ཏེ། བྱེ་བྲག་གིས་སློབ་སྦྱོང་དང་བྱེ་བྲག་གིས་ལག་ལེན། བྱེ་བྲག་གིས་བྱ་བ་སྒྲུབ་པ། བྱེ་བྲག་གིས་འཚོ་བ་རོལ་བ་བཅས་བྱེད་པ་དང་། མཚོ་སྔོན་ལ་དགའ་ཞེན་དང་མཚོ་སྔོན་འཛུགས་སྐྲུན།  མཚོ་སྔོན་ལ་གསོལ་འབུལ་བཅས་བྱས་ཏེ། དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་བླངས་ཏེ།  བློ་མཐུན་ཝང་ཀྲའོ་ཡི་སྙིང་སྟོབས་མཚོ་སྔོན་གྱིས་གཞི་ཆེན་པོའི་སྟེང་རྒྱུན་ཆད་མེད་པར་དར་སྤེལ་ཆེན་པོ་བྱེད་པ་དང་།རིགས་སོ་སོའི་མི་དམངས་ལ་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་དུ་སྔར་ལས་ཐོབ་སྣང་མང་པོ་ཡོད་པར་བྱེད་དགོས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།