རྒྱལ་ཡོངས་དབང་བོ་སྐྱོན་ཅན་གྱི་གཞུང་ལམ་ལྕགས་རྟའི་འགྲན་སྡུར་གྱི་མཛད་སྒོ་དེ་རིང་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོའི་རྒྱལ་ཡོངས་དབང་བོ་སྐྱོན་ཅན་གྱི་གཞུང་ལམ་ལྕགས་རྟའི་འགྲན་སྡུར་སྐབས་ལྔ་བ་དང་མཚོ་སྔོན་པོ་སྐོར་བའི་དབང་བོ་སྐྱོན་ཅན་གྱི་གཞུང་ལམ་ལྕགས་རྟའི་འགྲན་སྡུར། སྐབས་བདུན་པའི་ཀྲུང་གོའི་ལུས་རྩལ་རྒྱན་ཤོག་བུམ་པའི་སློབ་ཆེན་སློབ་མའི་གཞུང་ལམ་ལྕགས་རྟའི་འགྲན་སྡུར་བཅས་དུས་མཉམ་དུ་བསྡུ་རྒྱུ་ཡིན་ལ། དེའི་མཛད་སྒོ་དེ་ཚེས11ཉིན་མདའ་བཞི་རྫོང་ནས་དངོས་སུ་སྤེལ་བ་རེད། འགྲན་ཚོགས་དེར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་མི་འདྲ་བ12གྱི་ལུས་རྩལ་པ་མི་གྲངས166ཞུགས་ཡོད་པ་དང་། དེ་ཡང2017ལོའི་རྒྱལ་ཡོངས་དབང་བོ་སྐྱོན་ཅན་གྱི་གཞུང་ལམ་ལྕགས་རྟའི་འགྲན་སྡུར་ལ་གཞུང་ལམ་སྟེང་མི་སྒེར་གྱི་དུས་ཚོད་བརྩི་བའི་འགྲན་སྡུར་དང་གཞུང་ལམ་སྟེང་གི་མི་སྒེར་འགྲན་སྡུར་སོགས་རྣམ་གྲངས་མི་འདྲ་བ51ཡོད། དུས་མཉམ་དུ་མཚོ་སྔོན་པོའི་ལྷོ་རྒྱུད་སྐོར་བའི་སྐབས་ལྔ་བའི་མཚོ་སྔོན་པོ་སྐོར་བའི་དབང་བོ་སྐྱོན་ཅན་གྱི་གཞུང་ལམ་ལྕགས་རྟའི་འགྲན་སྡུར་དང་རི་འགོས་འགྲན་སྡུར་ཁྲོད་ཡང་ཞུགས་ཆོག

2017ལོའི་རྒྱལ་ཡོངས་དབང་བོ་སྐྱོན་ཅན་གྱི་གཞུང་ལམ་ལྕགས་རྟའི་འགྲན་སྡུར་ནི་ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་དབང་བོ་སྐྱོན་ཅན་ཨོ་རྩལ་ཨུ་ཡོན་ལྷན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། འགྲན་སྡུར་རུ་ཁག་དེ་རིམ་པ་མི་འདྲ་བའི་འཁོར་ལོ་གཉིས་ཅན་གྱི་ཚོ་ཆུངc1-c5དང་། མི་གཉིས་ཅན་གྱི་ཚོ་ཆུང་།B ལག་བསྐོར་ལྕགས་རྟའི་ཚོ་ཆུང་།H1-H5 འཁོར་གསུམ་ལྕགས་རྟའི་ཚོ་ཆུངT1-T2བཅས་ཚོ་ཆུང་མི་འདྲ་བ4རུ་བགོས་ཡོད། ཀྲུང་གོ་དབང་བོ་སྐྱོན་ཅན་ཨོ་རྩལ་ཨུ་ཡོན་ལྷན་ཚོགས་ཀྱིས་འགྲན་སྡུར་བདེ་བླག་ངང་འཚོགས་པར་འགན་སྲུང་བྱ་ཆེད། རྒྱལ་ཡོངས་ནས་དཔྱད་འདེམས་པ་དང་ཤན་འབྱེད་པ། ཐོབ་ཐང་ཞིབ་བཤེར་པ། སྐར་འགོད་པ། དར་སློང་ཞིབ་བཤེར་བྱེད་མཁན་གྱི་ཆེད་ལས་མི་སྣ་བསྡུ་རུབ་བྱས་ཏེ་ཐེངས་འདིའི་འགྲན་སྡུར་ལ་ཞབས་ཞུ་ཕུན་སུམ་ཚོགས་པ་ཞིག་འདོན་སྤྲོད་བྱས་ཡོད།

མཚོ་སྔོན་པོ་སྐོར་བའི་དབང་བོ་སྐྱོན་ཅན་གྱི་གཞུང་ལམ་ལྕགས་རྟའི་འགྲན་སྡུར་ཐེངས་བཞི་ལ་སྤེལ་བ་དང་ཐེངས་སྔོན་མ་བཞི་ལ་འགྲན་སྡུར་ཁྲོད་ཟབ་ཞུགས་བྱེད་པ་མགྲོན་འབོད་ཀྱི་ཚུལ་དུ་བྱས་ཤིང་། མཚོ་སྔོན་པོ་སྐོར་བའི་འགྲན་སྡུར་གྱིས་ལོ་རེ་རེ་མཚོ་སྔོན་པོ་སྐོར་བའི་སློབ་ཆེན་པའི་ལྕགས་རྟའི་འགྲན་སྡུར་ཡང་སྤེལ་བཞིན་ཡོད། ད་ལོ་ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་གྱི་སྐུལ་འདེད་འོག་རྒྱལ་ཡོངས་དབང་བོ་སྐྱོན་ཅན་གྱི་གཞུང་ལམ་ལྕགས་རྟའི་འགྲན་སྡུར་དེ་མཚོ་སྔོན་དུ་སྤེལ་བ་དང་འདི་ནི་རང་ཞིང་དུ་སྤེལ་བའི་འགྲན་སྡུར་སྐབས་ཐོག་མ་ཡང་ཡིན་པ་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།