མཚོ་ལྷོ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གང་ལེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“བསྒྱུར་བ་བཞི”ཡི་ངེས་ཤེས་དང་སྤྱོད་ཚུལ་ལ་བརྟེན་ནས“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལག་ལེན་དངོས་འབེབས་བྱས། ཆེད་དམིགས་ཞིབ་འཇུག་བྱས་པ་བརྒྱུད《མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཕེལ་རྒྱས་བཟང་པོ་འབྱུང་བར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》བཏོན། གཅིག་གྱུར་བཀོད་སྒྲིག་དང་། འདྲ་མཉམ་དཔྱད་ཞིབ། མཉམ་དུ་སྐུལ་འདེད་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་འགུལ་གྱི་ཁྱབ་ཁོངས་ཡོངས་དང་བརྒྱུད་རིམ་ཡོངས་ཀྱི་ནང་དུ་ཞུགས་སུ་བཅུག་སྟེ། དེ་གཉིས་མཉམ་སྐུལ་མཉམ་སྐྱོད་ལ་སྐུལ་འདེད་བྱས།

བྱ་བ་སྒྲུབ་སྐབས། མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་ནི་མི་རིགས་མཐུན་སྒྲིལ་གསར་སྐྲུན་གྱི“སྤེལ་བ་དགུ”ཡི་བྱ་འགུལ་གྱི་གྲས་སུ་བཞག་སྟེ། རྒྱལ་ཡོངས་ཀྱི་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་བྱེད་སྟངས་གསར་པ་དང་། ཡིད་འགུག་ས་གསར་པ་ཡིན་པའི་ཆ་ནས། རིམ་པ་རེ་རེ་ནས་ཇུས་གཞི་གཏན་འབེབས་དང་། ཁོར་སྲུང་འཛུགས་སྐྲུན་གྱི་ལས་འགན་གསལ་པོ་བྱེད་པ། འགན་འཁྲི་མི་རེ་རེའི་སྟེང་དུ་བགོས་ཏེ། སྐྱེ་ཁམས་ཁོར་སྲུང་གི་དམིགས་ཚད་མ་ལག་དེ“སྤེལ་བ་དགུ”ཡི་བྱ་འགུལ་གྱི་གྲས་སུ་བྱེ་བྲག་གིས་དངོས་འབེབས་བྱས།

ཁྱིམ་ཚང་དུ་སྤེལ་སྐབས། སྤྱི་པའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་། ཆུ་གློག་གྲོན་ཆུང་བྱེད་པ་ནས་མགོ་བརྩམས་ཏེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་ཁོར་སྲུང་འདུ་ཤེས་འཛིན་པ་དང་གནོད་མེད་འཚོ་བའི་གོམས་གཤིས་ཆགས་སུ་འཇུག་པར་སྣེ་ཁྲིད་བྱེད་པ། ལས་ཁུངས་སུ་སྤེལ་སྐབས། སྐྱེ་ཁམས་ཁོར་སྲུང་ནི་ལོ་འཁོར་མོའི་བྱ་བའི་འགངས་ཆེན་གྱི་ནང་དུ་བཞག་སྟེ། ཐན་ཉུང་ཕྱིར་སྐྱོད། ནུས་ཁུངས་གྲོན་ཆུང་དང་ཁོར་སྲུང་གི་གཞུང་ལས་གོམས་གཤིས་ཤིག་ཆགས་སུ་འཇུག་པ། སྡེ་ཁུལ་དུ་སྤེལ་སྐབས།སྡེ་ཁུལ་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལས་འགན་ལ་དམིགས་པ་དང་དངོས་འབེབས་བྱེད་པ།སྡེ་དམངས་ཀྱིས་ཁོར་སྲུང་སྤྱི་ཆིངས་བརྩི་སྲུང་བྱེད་པར་སྐུལ་འདེད་བྱེད་པ། སྡེ་ཁུལ་གྱི་ཁོར་སྲུང་དང་བླངས་པ་རྩ་འཛུགས་འཛུགས་པ་བཅས་དམངས་ཡོངས་ཀྱིས“སྐྱེ་ཁམས་སྡེ་ཁུལ”མཉམ་སྐྲུན་བྱེད་པའི་སྣང་ཚུལ་ཞིག་ཆགས་སུ་འཇུག་པ། ཞིང་སྡེ་རུ་སྤེལ་སྐབས།སྐྱེ་ཁམས་ཁོར་སྲུང་ནི་སྡེ་བའི་སྒྲིག་ལམ་དང་དམངས་ཀྱི་ཁ་དན་དུ་འཇོག་པ་དང་། ཁོར་ཡུག་དྲ་བ་ཅན་གྱི་ལྟ་སྐུལ་དོ་དམ་གྱི་མ་ལག་འཛུགས་པ། སྡེ་དམངས་ཀྱི་རང་བདག་ལ་བརྟེན་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ནུས་ཤུགས་གཙོ་བོ་རྩ་འཛུགས་བྱེད་པ། ནུས་ཤུགས་ཡོད་དགུས་མཛེས་པའི་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱེད་པ། སློབ་གྲྭ་རུ་སྤེལ་སྐབས། སློབ་མར་ཆུང་དུས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ཆགས་སུ་འཇུག་པ། སྐྱེ་ཁམས་སྲུང་སྐྱོབ་ནི་སློབ་གསོ་སློབ་ཁྲིད་ཀྱི་འཆར་འགོད་ཀྱི་གྲས་སུ་བཞག་སྟེ། དགེ་སློབ་ཉིན་རྒྱུན་གྱི་སློབ་སྦྱོང་དང་འཚོ་བའི་ནང་འདྲེས་སུ་འཇུག་པ། དུས་རྒྱུན་སློབ་གྲྭའི་ར་བ་རུ“ལྗང་བསྒྱུར། གཙང་བཟོ། མཛེས་བཟོ”ཡི་བྱ་འགུལ་སྤེལ་ཏེ། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གསར་སྐྲུན་བྱས་ཏེ“ལྗང་བསྒྱུར་སློབ་གྲྭ”རུ་འགྱུར་བར་བརྩོན་ལེན་གང་ཐུབ་བྱེད་པ། ཁེ་ལས་སུ་སྤེལ་སྐབས། གཙང་སྦྲ་དང་གྲོན་ཆུང་གི་ཐོན་སྐྱེད་ཁེ་ལས་ཤིག་འབད་བརྩོན་གྱིས་སྐྲུན་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་དང་སྐྱེ་ཁམས་ཁོར་སྲུང་གཉིས་འཕེལ་རྒྱས་ལེགས་པོ་འབྱུང་བར་སྐུལ་འདེད་བྱེད་པ། དགོན་སྡེ་རུ་སྤེལ་སྐབས། དད་ལྡན་མང་ཚོགས་ལ་ཁོར་སྲུང་གི་འདུ་ཤེས་ཆགས་སུ་འཇུག་པར་སྣེ་ཁྲིད་དེ། འཆམ་མཐུན་དང་ལྗང་སྒྱུར། གཙང་ཞིང་གྲ་དག་པའི་མཛེས་པའི་དགོན་སྡེ་འཛུགས་སྐྲུན་བྱེད་པ། དམག་སྒར་དུ་སྤེལ་སྐབས། སྐྱེ་ཁམས་ཁོར་སྲུང་ནི་དམག་སྒར་གྱི་ཉིན་རྒྱུན་གྱི་སློབ་སྦྱོང་དང་འཚོ་བ།སྦྱོང་བརྡར་གྱི་ཐོག་མཐའ་བར་གསུམ་དུ་འདྲེས་སུ་བཅུག་སྟེ། ཧུར་བརྩོན་གྲོན་ཆུང་དང་གཙང་ཞིང་གྲ་དག་པ། ལྗང་སྒྱུར་གྱི་དམག་སྒར་ཞིག་ཆགས་སུ་འཇུག་པ། ཚོང་ར་དང་ཁྲོམ་ར་རུ་སྤེལ་སྐབས། ཚོང་རའི་ཁོར་ཡུག་བཙོག་པ་དང་། རྙོག་པ། ཞན་པ་བཅས་ཀྱི་སྣང་ཚུལ་རྩ་བ་ནས་བཅོས་སྐྱོང་བྱེད་པ་དང་། འཛད་སྤྱོད་པ་རྣམས་ཀྱིས་ཁོར་སྲུང་ཁུག་མ་སྤྱོད་པར་སྣེ་ཁྲིད་བྱེད་པ། ཁོར་ཡུག་གཙང་ཞིང་གྲ་དག་པ།མིག་ལ་མཛེས་པ།གོ་རིམ་བཟང་བའི་ཟོང་ཉོའི་ཁོར་ཡུག་ཅིག་གསར་སྐྲུན་བྱེད་པ་བཅས་སོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།