​པཎ་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོ་མཆོག་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་བ་མ་ཟད་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ།

20177261501036026054_68_b.jpg

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་པཎ་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོ་མཆོག་ལ་ཐུག་འཕྲད་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས18ཉིན་ནས་ཚེས24ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོ་མཆོག་གིས་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་གནང་བ་མ་ཟད་ཆོས་ལུགས་ཀྱི་བྱ་འགུལ་སྤེལ། འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལོ་ངོ་བཞིའི་རྗེས་སུ་མཚོ་སྔོན་ལ་ཕེབས་པ་དང་། འདི་ནི་པཎ་ཆེན་མཆོག་མཚོ་སྔོན་ལ་ཕེབས་ཐེངས་བཞི་བ་ཡིན་ལ། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་དང་རྒྱབ་སྐྱོར་ལེགས་པོ་ཐོབ་ཡོད།

ཉིན་འགའ་རིང་པཎ་ཆེན་རིན་པོ་ཆེ་མཆོག་སྐྱེ་རྒུ་དགོན་པ་དང་། དགོན་གསར་དགོན་པ། སྐུ་འབུམ་བྱམས་པ་གླིང་། མཚོ་སྔོན་པོ། ཚྭ་ཁ་མཚེའུ་སོགས་སུ་ཆིབས་བསྒྱུར་གནང་བ་དང་། དགོན་སྡེར་མཆོད་མཇལ་དང་སྦྲགས། བཀའ་ཆོས་དང་ཕྱག་འགྱེད་གནང་ལ། དད་ལྡན་སེར་སྐྱ་མང་ཚོགས་ལ་ཕྱག་དབང་གནང་བ་རེད། ད་དུང་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་གཟིགས་སྐོར་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་མི་སྣ་དང་བཞུགས་མོལ་གནང་བ་རེད།   །

20177261501036033504_68_b.jpg

པཎ་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཁྲི་ཀའི་རྨ་ཆུ་འགྲམ་རྒྱུད་དུ་སྨོན་ལམ་གནང་བཞིན་པ།

20177261501036037508_68_b.jpg

པཎ་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོ་མཆོག་གིས་སྐུ་འབུམ་བྱམས་པ་གླིང་དུ་དབང་ལུང་གནང་བཞིན་པ།

20177261501036039834_68_b.JPG

པཎ་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོ་མཆོག་སྐྱེ་རྒུ་དགོན་པར་ཕེབས་པ།

20177261501036035423_68_b.jpg

པཎ་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོ་མཆོག་གིས་མཚོ་སྔོན་ནང་བསྟན་སློབ་གླིང་དུ་གཟིགས་ཞིབ་གནང་བཞིན་པ།

20177261501036029074_68_b.jpg

དད་ལྡན་མང་ཚོགས་ཀྱིས་པཎ་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོ་མཆོག་གི་མཇལ་ཁར་སྒུག་བཞིན་པ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།