མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་སྤེལ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྒྱུར་བ་བཞིའི་ངེས་ཟིན་རྒྱུན་འཁྱོངས་དང་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་སྤེལ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞིར་ཆེད་དུ་ཞིབ་འཇུག་བྱས་ཏེ་གཏན་ཁེལ་བྱས་པ་དང་གཅིག་གྱུར་བཀོད་སྒྲིག་དང་མཉམ་དུ་དཔྱད་ཞིབ། མཉམ་དུ་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་གྱི་ཁྱབ་ཁོངས་སོ་སོ་དང་གོ་རིམ་ཧྲིལ་བོའི་ཁྲོད་ཚུད་པར་བྱས་ཏེ་ཕྱོགས་གཉིས་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

བྱ་བའི་ཁྲོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་དེ་མི་རིགས་མཐུན་སྒྲིལ་གསར་འཛུགས་ཀྱི་སྐྱོད་པ་དགུའི་བྱ་འགུལ་ཁྲོད་བཞག་པ་དང་རྒྱལ་ཡོངས་ཀྱི་ཚོད་ལྟའི་ཁུལ་གསར་འཛུགས་བྱེད་པའི་བྱེད་ཐབས་གསར་བར་བརྩིས་ཏེ་རིམ་པ་རེ་རེ་བཞིན་བྱ་འགུལ་གྱི་ཇུས་གཞི་གཏན་ཁེལ་བྱས་པ་དང་སྲུང་སྐྱོབ་འཛུགས་སྐྲུན་བྱ་བའི་ལས་འགན་གཏན་ཁེལ་གསལ་བོ་བྱས་ལ། འགན་འཁྲི་བགོས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཚད་གཞིའི་མ་ལག་སྐྱོད་པ་དགུའི་བྱ་འགུལ་ཁྲོད་དོན་འཁྱོལ་ཡོང་བར་བྱས།

ཁྱིམ་ཚང་དུ་སྐྱོད་པའི་བྱ་འགུལ་ཁྲོད། སྤྱི་ཐུན་ཁོར་ཡུག་སྲུང་སྐྱོབ་དང་ཆུ་གློག་གྲོན་ཆུང་གིས་བཀོལ་སྤྱོད་བྱེད་པ་ནས་འགོ་བརྩམས་ཏེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་བཅངས་པ་དང་ལྗང་མདོག་གི་འཚོ་བའི་གོམས་སྲོལ་ཆགས་པར་སྐུལ་ཁྲིད་བྱས། སྡེ་ཁག་ཏུ་སྐྱོད་པའི་བྱ་འགུལ་ཁྲོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་དེ་ལོ་རེའི་བྱ་བ་གཙོ་བོའི་ཁྲོད་བཞག་སྟེ་ཐན་ཉུང་དང་ནུས་ཁུངས་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོབ་ཀྱི་གཞུང་སྒྲུབ་གོམས་སྲོལ་ཆགས་པར་བྱས། གཞིས་ཁུལ་དུ་སྐྱོད་པའི་བྱ་འགུལ་ཁྲོད་གཞིས་ཁུལ་གྱི་ཁོར་ཡུག་ལྟ་སྐུལ་དོ་དམ་ལས་འགན་ལ་དམིགས་ཏེ་དམངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱི་ཆིངས་བརྩི་སྲུང་བྱེད་དགོས་པ་དང་གཞིས་ཁུལ་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དང་བླངས་པའི་རུ་ཁག་འཛུགས་པ་སོགས་ཀྱི་བྱ་བར་སྐུལ་འདེད་བཏང་ནས་དམངས་ཡོངས་ཀྱིས་སྐྱེ་ཁམས་གཞིས་ཁུལ་མཉམ་སྐྲུན་བྱེད་པའི་སྣང་ཚུལ་བཟང་བོ་ཆགས་པར་བྱས། ཞིང་སྡེར་སྐྱོད་པའི་བྱ་འགུལ་ཁྲོད། སྐྱེ་ཁམས་སྲུང་སྐྱོབ་བྱ་བ་དེ་སྡེ་བའི་སྒྲིག་སྲོལ་ཁྲོད་བཞག་ནས་ཁོར་ཡུག་དྲ་རྒྱ་ཅན་གྱི་ལྟ་སྐུལ་དོ་དམ་མ་ལག་འཛུགས་སྐྲུན་བྱས་པ་དང་སྡེ་དམངས་ཀྱིས་རང་འགུལ་སྒོས་རྩ་འཛུགས་བྱས་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྟོབས་ཤུགས་གཙོ་བོར་བརྟེན་ནས་སྟོབས་ཤུགས་ཡོད་དགུས་མཛེས་པའི་གྲོང་སྡེ་གསར་བ་འཛུགས་སྐྲུན་བྱས། སློབ་གྲྭར་བསྐྱོད་པའི་བྱ་འགུལ་ཁྲོད། སློབ་མ་ཚོར་ཆུང་དུས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ཆགས་པར་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་དེ་སློབ་གསོའི་སློབ་ཁྲིད་འཆར་གཞི་དང་དགེ་སློབ་ཚང་མའི་ཉིན་རྒྱུན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་བཞག་པ་དང་སློབ་གླིང་ལྗང་མདོག་དག་གཙང་གི་བྱ་འགུལ་རྒྱུན་དུ་སྤེལ་ཏེ་ཁུལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཚང་མ་ལྗང་མདོག་གི་སློབ་གྲྭ་རུ་འཛུགས་སྐྲུན་བྱེད་ཅི་ཐུབ་བྱས། ཁེ་ལས་སུ་སྐྱོད་པའི་བྱ་འགུལ་ཁྲོད། ཤུགས་ཆེན་པོས་དག་གཙང་གྲོན་ཆུང་གི་ཐོན་སྐྱེད་ཁེ་ལས་འཛུགས་སྐྲུན་བྱས་ཏེ་ཁེ་ལས་ཐོན་སྐྱེད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། དགོན་པར་སྐྱོད་པའི་བྱ་འགུལ་ཁྲོད། ཆོས་དད་མང་ཚོགས་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་བཅངས་པར་སྐུལ་ཁྲིད་བྱས་ཏེ་འཆམ་མཐུན་དང་ལྗང་མདོག དག་གཙང་གི་མཛེས་པའི་དགོན་སྡེ་འཛུགས་སྐྲུན་བྱས། དམག་སྒར་ལ་སྐྱོད་པའི་བྱ་འགུལ་ཁྲོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་དེ་དམག་སྒར་གྱི་ཉིན་རྒྱུན་གྱི་སློབ་སྦྱོང་དང་འཚོ་བ། སྦྱོང་བརྡར་ཁྲོད་ཁྱབ་པར་བྱས་ཏེ་ཧུར་བརྩོན་དང་དག་གཙང་། ལྗང་མདོག་གི་དམག་སྒར་གྲུབ་པར་བྱས། ཁྲོམ་རར་སྐྱོད་པའི་བྱ་འགུལ་ཁྲོད། ཁྲོམ་རའི་ཁོར་ཡུག་བཙོག་པ་དང་རྙོག་འཛིང་ཆེ་བའི་རྣམ་པ་རྩ་བ་ནས་དག་ཐེར་བཅོས་སྐྱོང་བྱས་ཏེ་འཛད་སྤྱོད་ཚོགས་པས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁུག་མ་བཀོལ་སྤྱོད་བྱེད་པ་དང་གོ་རིམ་ལྡན་པའི་དངོས་ཟོག་ཉོ་ཚོང་གི་ཁོར་ཡུག་བཟང་བོ་བསྐྲུན་པར་སྐུལ་ཁྲིད་བྱས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།