མཚོ་ལྷོ་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་ཕོངས་སྡེ་བ35ཕྱིར་འཐེན་པ་དང་། དབུལ་ཕོངས་མི་འབོར་ཁྲི1དབུལ་ཐར་བྱེད་པའི་དམིགས་འབེན་ལས་འགན་ལ་དམིགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་ཀྱི་བྱ་འགུལ་དང་དམ་པོར་ཟུང་དུ་འབྲེལ་ཏེ། དབུལ་ཐར་འགག་སྒྲོལ་གྱི་བྱ་བ་ཏན་ཏིག་གིས་སྤེལ་བ་དང་། རིགས་སོ་སོའི་མང་ཚོགས་ཀྱི་དམངས་འཚོའི་གནད་དོན་ལེགས་བཅོས་བྱེད་ཅི་ཐུབ་བྱས།

བྱ་བའི་ཁྲོད། མཚོ་ལྷོ་ཁུལ་གྱིས་གསར་འཛུགས་བྱ་འགུལ་དེ་དབུལ་ཐར་འགག་སྒྲོལ་གྱི་བྱ་བའི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་། ཁྱོན་ཡོངས་ནས་དབུལ་ཐར་འགག་སྒྲོལ་གྱི“ཉིན་བརྒྱའི་འགག་སྒྲོལ”བྱ་འགུལ་ལ་སྐུལ་འདེད་བྱས་ཤིང་། ཁྱིམ་ཚང་གི་ཐོན་ལས་རོགས་སྐྱོར་མི་གྲངས26063ཡོད་པ་དང་གཞན་སའི་དབུལ་སྐྱོར་གནས་སྤོར་ལས་གཞི་ཁྱིམ་ཚང1346ངེས་གཏན་བྱས། ཁུལ་ཡོངས་ཀྱི“བསྒྱུར་བ་བཞི”ཡི་རྟོག་ཞིབ་ཆེན་མོའི་བྱ་འགུལ་དང་ཟུང་དུ་འབྲེལ་ནས། རོང་འབྲོག་ཁུལ་གྱི་བས་མཐའི་དབུལ་ཕོངས་ཁྱིམ་ཚང་དང་དངུལ་རྩའི་དབུལ་སྐྱོར་གྲངས་འབོར་ཆུང་བའི་ཡིད་རྟོན་དངུལ་བུན་གྱི་རྟོག་ཞིབ་སྤེལ་བ་དང་། ཕྱོགས་ཡོངས་ནས་རྫོང་སོ་སོའི་བས་མཐའི་དབུལ་ཕོངས་ཁྱིམ་ཚང་གི་ས་ཁོངས་ཁྱབ་ཚུལ་དང་བསྡུར་ཚད། ཁྱིམ་གྲངས་དང་མི་གྲངས་ཕལ་ཆེ་བ་རྒྱུས་ལོན་བྱས་ཡོད། སྐོར་དང་པོའི་ནོར་སྲིད་ཀྱི་ཆེད་དམིགས་དབུལ་སྐྱོར་མ་དངུལ་ཕྱོགས་ཡོངས་ནས་དངོས་འབེབས་བྱས། མིག་སྔའི་བར་དུ། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར2.58མར་ལ་སྤྲད། ཞིང་ཆེན་ནས་ཁྱབ་བསྒྲགས་བྱས་པའི་ཕྱོགས8ཀྱི་འབུར་ཐོན་གནད་དོན་དག་ཐེར་ནན་འཛིན་བྱས་པའི་དུས་མཚུངས་སུ། ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་བྱེད་པའི་ཁྲོད་གནས་པའི་སྤྱིའི་རང་བཞིན་གྱི་གནད་དོན16དང་རྫོང་ལྔའི་བྱེ་བྲག་རང་བཞིན་གྱི་གནད་དོན24ལ་རེ་རེ་བཞིན་དག་ཐེར་རྩིས་ཁྲ་བཟོས་ཤིང་། ཐོ་ཡིག་དོ་དམ་ལག་བསྟར་བྱས་ཏེ། དག་ཐེར་སྣ་གཅིག་བྱས་ན་ཐོ་བསུབ་སྣ་གཅིག་བྱེད་ཐུབ་པ་བྱས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཡུལ་ཚོ་འགན་གཙང་ལེན་གྱི་ལམ་ལུགས་དེ་གཟབ་ནན་གྱིས་དངོས་འབེབས་བྱས་ནས། གནད་དོན་རྩད་གཅོད་དང་དག་ཐེར་བྱ་བ་རྗེས་འདེད་ཀྱིས་མཛུབ་སྟོན་བྱས།མིག་སྔར། སྤྱིའི་རང་བཞིན་གྱི་གནད་དོན་ཡོངས་རྫོགས་དག་ཐེར་བྱས་ནས་གྲུབ་ཟིན་པ་དང་། བྱེ་བྲག་རང་བཞིན་གྱི་གནད་དོན་ལས18ཙམ་དག་ཐེར་བྱས་ཟིན་ལ།གནད་དོན6ཡུན་རིང་དུ་དག་ཐེར་བྱེད་རྩིས་ཡིན། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།