ཀོས་ནན་རྫོང་གི་སྐབས་གཉིས་པའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒུལ་འཁོར་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་འགོ་བརྩམས་པ།

微信图片_20170706160956.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཀོས་ནན་རྫོང་གི་སྐབས་གཉིས་པའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒུལ་འཁོར་རིག་གནས་ཡུལ་སྐོར་དུས་ཆེན་དངོས་སུ་སྤེལ་འགོ་བརྩམས།

ད་ལོའི་སྒུལ་འཁོར་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ནང་དོན་སྔར་ལས་ཕུན་སུམ་ཚོགས་པ་མ་ཟད། ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་། བྱ་འགུལ་གྱི་རིགས་ཀྱང་ཧ་ཅང་མང་པོ་འདུས། སྒུལ་འཁོར་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་སུ། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་རྣམས་མཛེས་སྡུག་ལྡན་པའི་ཀོས་ནན་རྩྭ་ཐང་དུ་ལྷན་འཛོམས་བྱུང་ནས། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་འདྲིས་དང་ལྟ་ན་སྡུག་པའི་ཡུལ་ལྗོངས་ལ་རོལ་མྱོང་བྱས་པ་མ་ཟད། བྱེ་ཐང་གི་སྒུལ་འཁོར་གྱི་སྟོབས་ཤུགས་དང་མཛེས་ཉམས་ལ་ལོངས་སྤྱོད་བྱས།

སྒུལ་འཁོར་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་སུ། ཀོས་ནན་རྫོང་གིས་རླངས་འཁོར་དང་འཕྲུལ་རྟ་འགྲན་བསྡུར་དང་། མཆོང་གདུགས་འཁྲབ་སྟོན། མི་རིགས་རོལ་དབྱངས་སྤྲོ་ཚོགས། ཝུ་ཆང་དགོང་ཚོགས། ཁུར་འཛིང་འགྲན་བསྡུར། བརྩེགས་དྲུབ་དང་གྱོན་ཆས་འགྲེམ་སྟོན། སྲོལ་རྒྱུན་མདའ་རྩལ་འགྲན་བསྡུར། རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམ་སྟོན་སྐུལ་སྤེལ་སོགས་བྱ་འགུལ་མང་པོ་སྤེལ་རྒྱུ་རེད།

སྒུལ་འཁོར་རིག་གནས་ཀྱིས་མཐོ་སྒང་གི་ལུས་རྩལ་འགྲན་རྩོད་དང་བོད་མི་རིགས་ཀྱི་ཡུལ་སྲོལ་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་བ་མ་ཟད། སྒུལ་འཁོར་རིག་གནས་ཡུལ་སྐོར་དུས་ཆེན་དེ་ཀོས་ནན་རྫོང་ཕྱི་ཕྱོགས་ལ་འགྲེམ་སྟོན་བྱེད་པའི་མིང་བྱང་ཡག་ཤོས་ཤིག་ཏུ་གྱུར་ཡོད། །

微信图片_20170706160945.jpg

微信图片_20170706160747.jpg

微信图片_20170706160756.jpg

微信图片_20170706160838.jpg

微信图片_20170706160824.jpg

微信图片_20170706160848.jpg

微信图片_20170706160917.jpg

微信图片_20170706160852.jpg

微信图片_20170706160929.jpg

微信图片_20170706160934.jpg

微信图片_20170706160832.jpg

微信图片_20170706160727.jpg

微信图片_20170706160818.jpg

微信图片_20170707094125.jpg

微信图片_20170707094100.jpg

微信图片_20170707094049.jpg

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།