ཀོས་ནན་རྫོང་གིས་དབང་བོ་སྐྱོན་ཅན་ལ་ཉིན་གང་བོར་གཉོར་སྐྱོང་བྱེད་པའི་ལས་ཁུངས་ཐོག་མ་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབང་བོ་སྐྱོན་ཅན་གྱི་མངགས་གཉོར་ཞབས་ཞུ་དམངས་གཉེར་ཅན་དུ་བསྒྱུར་བ་དང་། སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུགས་ཀྱི་ལག་ནས་དབང་བོ་སྐྱོན་ཅན་གྱི་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་འབྲེལ་ཡོད་རེ་བ་ལྟར། ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་ཉིན་གང་བོའི་ལམ་ལུགས་ཀྱི་གཉོར་སྐྱོང་ལས་ཁུངས་ཐོག་མ་བཙུགས།

ལས་ཁུངས་དེས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་སྡེ་ཁག་བར་མཉམ་འབྲེལ་བྱེད་པ། སྤྱི་ཚོགས་དེའི་ཁྲོད་ཞུགས་པ། ཐོན་ཁུངས་མཉམ་བསྲེས་བྱེད་པའི་བྱ་བའི་མ་དཔེ་བཀོལ་སྤྱོད་བྱེད་པ་དང་། སྲིད་གཞུང་གིས་ཉོ་སྒྲུབ་བྱེད་པ་བརྒྱུད་དེ། ལོ་རེའི་དབང་བོ་སྐྱོན་ཅན་མངགས་གཉོར་ཞབས་ཞུའི་ལྟེ་གནས་ཀྱི་གྲོན་དངུལ་སྒོར་འབུམ་དྲུག་དང་ཁྲི་དྲུག་སྟོང་དྲུག་ལྷག་དེ་སྲིད་གཞུང་གི་སྔོན་རྩིས་ཁྲོད་བཞག་ནས་ཀོས་ནན་རྫོང་པོ་ཁཱང་སྨན་ཁང་ལ་སྤྲད་དེ། ཀོས་ནན་རྫོང་དུ་རྒྱུན་སྡོད་བྱེད་པ་མ་ཟད་མ་མཐའི་འཚོ་བའི་འགན་སྲུང་ཁྲོད་བཞག་ཡོད་པ་དང་ཡང་ན་མ་མཐའི་འཚོ་བའི་འགན་སྲུང་གི་མཐའ་གནས་ཁྱིམ་ཚང་ཁྲོད་ཀྱི་ལས་ཞུགས་ཀྱི་ལོ་ཚོད་རན་ན་ཡང་ལས་ཞུགས་བྱས་མེད་པའི་མི་དང་། ཁྱིམ་ཚང་གིས་གཉོར་སྐྱོང་བྱེད་པའི་དབང་བོ་སྐྱོན་ཅན་ཡོངས་ལ་ཉིན་གར་བོར་གཉོར་སྐྱོང་བྱེད་པའི་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། གཙོ་བོར་དབང་བོ་སྐྱོན་ཅན་གྱི་ཟ་མ་དང་མངགས་གཉོར་བདག་སྐྱོང་། ལུས་གསོ་སྦྱོང་བརྡར། སེམས་ཁམས་བདེ་ཐང་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།