ད་ལོའི་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྟེང་གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར1800ལས་བརྒལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་བཅོ་བརྒྱད་པའི་གྲུབ་འབྲས་ཁྱབ་བསྒྲགས་ལས་མངོན་པ་ལྟར་ན། ཐེངས་འདིའི་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྐབས་སུ།  རྒྱལ་ཁབ་ཕྱི་ནང་གི་ཁེ་ལས3000ལྷག་གིས་ངོ་འཕྲད་གྲོས་མོལ་ལ་འབྲེལ་བ་མཐུད་དེ། དངུལ་གཏོང་འོས་སྦྱོར་ངོ་འཕྲད་གྲོས་མོལ་བྱ་འགུལ36སྤེལ་བ་དང་། མཉམ་འབྲེལ་ལས་གཞི353ལ་གན་རྒྱའི་མིང་རྟགས་བཀོད། གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར1800ལས་བརྒལ་ཡོད།

སྒོར་དུང་ཕྱུར1800ཡི་གན་རྒྱ་བཞག་པའི་ལས་གཞི་དེ་ནུས་ཁུངས་གསར་པ་དང་རྒྱུ་ཆས་གསར་པ། སྒྲིག་སྦྱོར་སྒྲིག་བཟོ། རྫས་འགྱུར་བཟོ་ལས། ཞིང་ཕྱུགས་ལས་དང་ཐོན་ལས་ཅན་སོགས་ཀྱི་ཐོན་ལས་མང་པོའི་ཁྱབ་ཁོངས་ལ་ཁེབས་ཡོད། ལས་གཞི་དེ་དག་གིས་མ་འོངས་པར་ཞིང་ཆེན་ཡོངས་ཀྱིས་མྱུར་དུ་མི་འདང་ས་ཁ་གསབ་དང་རྟིང་ཤུགས་སྣོན་པ། མཐུན་སྦྱོར་ལ་སྐུལ་བ།ཆུ་ཚད་འདེགས་པ་བཅས་ཀྱི་ཐད་ལ་ནུས་པ་ལྡན་པའི་འདེགས་སྐྱོར་བྱེད་ཐུབ།

མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྐབས་སུ། རང་ཞིང་གིས་ད་དུང“རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ནང་བསྲེས་ཏེ། མཚོ་སྔོན་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”ཞེས་པའི་བཞེད་དོན་གླེང་སྟེགས་དང་ལིས་ཐོན་ལས་རྒྱལ་སྤྱི་རྩེ་གྲས་གླེང་སྟེགས། དམག་དམངས་མཉམ་འདྲེས་འཕེལ་རྒྱས་དང་མཐོ་སྒང་བདེ་གསོ་ཐོན་ལས་འཕེལ་རྒྱས་བཞུགས་མོལ་ཚོགས་འདུ་སོགས་ཀྱི་བྱ་འགུལ་དྲུག་ཅུ་ལྷག་སྤེལ། བྱ་འགུལ་དེ་དག་གི་བརྗོད་གཞི་གཙོ་བོ་དུས་རབས་ཀྱི་འགྲོས་དང་བསྟུན་ཅིང་། མཚོ་སྔོན་འཕེལ་རྒྱས་ཀྱི་དོ་སྣང་བྱེད་ཡུལ་ལ་བརྟག་པ་དང་།ཧུར་ཐག་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་འདྲེས་པར་བྱས། ཞིང་ཆེན་ཡོངས་ཀྱི་གནད་སའི་ཐོན་ལས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་བར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་ཕྱི་ནང་གི་སྨྱན་བྱད86དང་གསར་འགོད་པ500ཙམ་གྱིས་འགྲེམ་སྟོན་ཚོགས་འདུའི་གནས་ཚུལ་ཕྱོགས་མང་མོ་ནས་སྤེལ་ཅིང་།  རབ་མཛེས་མཚོ་སྔོན་གྱི་མིང་གྲགས་ཚད་དང་ཤུགས་རྐྱེན་ཐེབས་ཚད་ཡར་སྤར་བ་དང་སྤྱི་ཚོགས་ལས་རིགས་སོ་སོའི་འཕེལ་རྒྱས་ཡིད་རྟོན་མཐོ་རུ་བཏེགས་ལ། ལྗང་མདོག་འཕེལ་རྒྱས་དང་སྒོ་འབྱེད་མཉམ་འདྲེས་ཀྱི་འཕེལ་རྒྱས་མཉམ་ཤུགས་གོང་བུ་གཅིག་ཏུ་བསྒྲིལ་ཡོད།  མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ལས་ལྗང་མདོག་གི་རྨི་ལམ་ལ་འདྲེས་ཤིང་།  མཚོ་སྔོན་མཆོང་བརྒལ་གྱི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་རྐྱོང་ཤུགས་གསལ་པོར་མངོན་པས།  འདི་ཉིད་དངུལ་གཏོང་གི་ཚོགས་འདུ་གཟབ་རྒྱས་ཤིག་དང་འབྲེལ་ལམ་འཛུགས་པའི་གསེར་ཟམ་ཞིག་ཏུ་གྱུར་ཡོད་པར་མ་ཟད།  རབ་མཛེས་མཚོ་སྔོན་གྱི་མིང་བྱང་འོད་འཚེར་བ་ཞིག་ཀྱང་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།