མཚོ་སྔོན་གྱིས་ཞིང་ཆེན་རིག་གནས་བཅོས་སྒྱུར་དང་འཕེལ་རྒྱས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་བཅོས་སྒྱུར་དང་འཕེལ་རྒྱས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཟི་ལིང་ནས་བསྡུས། ཚོགས་ཐོག་ནས་མ་འོངས་པའི་དུས་ཡུན་གང་འཚམ་རིང་གི་རིག་གནས་བཅོས་སྒྱུར་དང་འཕེལ་རྒྱས་སྐོར་གྱི་འགན་ཁུར་དངོས་འབེབས་བཟང་པོ་བྱེད་པའི་ཐད་བཀོད་སྒྲིག་གང་ལེགས་བྱས། ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རིག་གནས་བཅོས་སྒྱུར་དང་འཕེལ་རྒྱས་བྱ་བ་བཟང་བོར་བསྒྲུབ་དགོས་ན། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་མཛུབ་སྟོན་དུ་འཛིན་དགོས་པ་དང་། ལས་དོན་འཕེལ་རྒྱས་ཀྱི་དམིགས་འབེན་ལ་ཕན་པར་བྱེད་པ། དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཛུགས་སྐྲུན་དང་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། འཕེལ་རྒྱས་འཆར་འགོད་མངོན་གསལ་ཅན་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། གོ་རིམ་ལྡན་པའི་སྒོ་ནས་རྒྱལ་དབང་རིག་གནས་ལས་ཁུངས་ཀྱི་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། རིག་གནས་ཁྱབ་ཁོངས་ཀྱི་ལས་རིགས་ལ་རྩ་འཛུགས་འཛུགས་སྐྲུན་བྱེད་པ། སྲོལ་རྒྱུན་སྨྱན་བྱེད་དང་གསར་དར་སྨྱན་བྱེད་སིམ་འདྲེས་ངང་འཕེལ་རྒྱས་འགྲོ་བ་སོགས་ཀྱི་འོས་འགན་གཙོ་བོ་ལག་བསྟར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།