མཚོ་སྔོན་གྱི་བུ་མོ་ཆོས་སྐྱིད་སྒྲོལ་མས་ཨང་དང་པོ་བླངས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས20ཉིན་གསར་འགོད་པས་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་གསལ་ལྟར་ན།  ཉེ་སྔོན་ཧྲའན་ཞི་ཞིང་ཆེན་ཏ་ལི་རྫོང་ནས་མཇུག་རྫོགས་པའི་རྒྱལ་ཡོངས་འགྲོ་རྩལ་ལེགས་སྐྱེས་འགྲན་སྡུར་སྟེང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། ལྗོངས་བཅས23ནས་ཡོང་བའི་འགྲོ་རྩལ་རྟེན་གཞི32དང་རྒྱལ་ཁབ་ཀྱི་ལོ་ཆུང་རུ་ཁག2། འགྲོ་རྩལ་སློབ་གླིང1བཅས་བསྡོམས་པས་ལོ་ན་ཆེ་ཆུང་མི་འདྲ་བའི་ཆེད་ལས་འགྲོ་རྩལ་ལུས་རྩལ་པ600ལྷག་ཞུགས་ཡོད།  མཚོ་སྔོན་ཞིང་ཆེན་གྱི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་པ་ཆོས་སྐྱིད་སྒྲོལ་མས་སྐར་མ47དང་སྐར་ཆ26གི་གྲུབ་འབྲས་ཀྱིས་གཞོན་ནུ་མའི་སྤྱི་ལེ10ཅན་གྱི་འགྲན་སྡུར་ཁྲོད་ཨང་དང་པོ་བླངས།

ཐེངས་འདིའི་འགྲན་སྡུར་རྣམ་གྲངས་ནི་དར་མ་ཚན་ཆུང་སྤྱི་ལེ20ཅན་དང་སྤྱི་ལེ50ཅན་དང་།  ན་གཞོན་ཚན་ཆུང་སྤྱི་ལེ10ཅན་དང་སྤྱི་ལེ30ཅན། ལོ་ཆུང་ཚན་ཆུང་སྤྱི་ལེ10ཅན་དང་ཕོ་མོའི་ཚོགས་པའི་འགྲན་སྡུར་སྤྱི་ལེ20ཅན་དང་སྤྱི་ལེ50ཅན་གྱི་འགྲོ་རྩལ་སོགས་འགྲན་སྡུར་ཐེངས12ཡོད།

འགྲན་སྡུར་བྱེད་པའི་ཁྲོད་ཆོས་སྐྱིད་སྒྲོལ་མས་སྐར་མ47དང་སྐར་ཆ26གི་གྲུབ་འབྲས་ཀྱིས་གཞོན་ནུ་མའི་སྤྱི་ལེ10ཅན་གྱི་ཨང་དང་པོ་བླངས་པ་དང་ཀླུ་མོ་འཚོ་ཡིས་དུས་ཚོད1དང་སྐར་མ36དང་སྐར་ཆ20ཡི་གྲུབ་འབྲས་ཀྱིས་བུད་མེད་དར་མའི་སྤྱི་ལེ20ཅན་གྱི་འགྲན་སྡུར་ཁྲོད་ཨང་གསུམ་པ་བླངས།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།