2017ལོའི་མཚོ་སྔོན་ནོར་གནག་ཐོན་ལས་འཕེལ་རྒྱས་གཏོང་བའི་སྐོར་གྱི་མཐོ་རིམ་གླེང་སྟེགས་འཚོགས་པ།

1498188182507563.jpg

1498188182447072.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས22ཉིན་གྱི་སྔ་དྲོར། མཚོ་སྔོན་མགྲོན་གླིང་ཆེན་མོའི་ཉིས་ཐོག་སྣ་འཛོམས་སྨྱན་ཆས་གྲོས་ཚོགས་ཁང་དུ2017ལོའི་མཚོ་སྔོན་ནོར་གནག་ཐོན་ལས་འཕེལ་རྒྱས་གཏོང་བའི་སྐོར་གྱི་མཐོ་རིམ་གླེང་སྟེགས་གྲོས་ཚོགས་འཚོགས་པ་དང་། ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་གཞོན་པ་མ་ཆིན་ཏི་ཡིས་བགྲོ་གླེང་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་། བགྲོ་གླེང་གྲོས་ཚོགས་ཀྱི་གྲོས་རིམ་སྟེ། གཅིག་ནི་བགྲོ་གླེང་གྲོས་ཚོགས་སུ་ཞུགས་ཡོད་པའི་ཆེད་མཁས་པ་དང་སྐུ་མགྲོན་མཚམས་སྦྱོར་བྱེད་པ། གཉིས་ནི་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་བང་ཡུའུ་ཧུའུ་ཡིས་བགྲོ་གླེང་གྲོས་ཚོགས་ལ་ཤིས་ཚིག་འབུལ་བ། གསུམ་ནི་རྩེ་ཁོག་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཀུན་འགྲུབ་ཚེ་རིང་གིས་གཏམ་བཤད་སྤེལ་བ། བཞི་ནི་མཚོ་སྔོན་ནུབ་བྱང་ཅོའོ་རང་བྱུང་འཚོ་བཅུད་ཟས་རིགས་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཡུའུ་ཀུན་ལའེ་ཡིས་གཏམ་བཤད་སྤེལ་བ། ལྔ་ནི་ཚོགས་ཞུགས་མི་སྣས་མཉམ་པར་བསྐྱོན་ཤིང་གདན་ཞུའི་ཆེད་མཁས་པས་གསུང་བཤད་གལ་ཆེན་གནང་བ་བཅས་ཡིན།

1498188182451920.jpg

ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་བང་ཡུའུ་ཧུའུ་ཡིས་གཏམ་བཤད་སྤེལ་བཞིན་པ།

1498188182258478.jpg

ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་གཞོན་པ་མ་ཆིན་ཏི་ཡིས་གླེང་སྟེགས་ལ་མགོ་འཛིན་བྱེད་བཞིན་པ།

1498188182517674.jpg

རྩེ་ཁོག་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཀུན་འགྲུབ་ཚེ་རིང་གིས་གཏམ་བཤད་སྤེལ་བཞིན་པ།

རྫོང་དཔོན་ཀུན་འགྲུབ་ཚེ་རིང་གིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཚབ་བྱས་ཏེ་རང་རྫོང་གི་སྤྱིའི་གནས་ཚུལ་དང་ད་ལྟའི་ཕྱུགས་ལས་གནས་ཚུལ་ཞིབ་རྒྱས་ཀྱིས་མཚམས་སྦྱོར་བྱེད་དོན།རྩེ་ཁོག་རྫོང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ཕྱོགས་དང་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་གི་ཤར་ཕྱོགས།ལྷོ་དང་ནུབ།བྱང་སོགས་སོ་སོ་སོག་རྫོང་དང་ཐུན་ཏེ།མང་རྫོང་བཅས་སུ་འབྲེལ་ལ།བྱང་ཤར་དུ་ཐུན་རིན་རྫོང་དང་འདྲེས་ཡོད།རྫོང་ཁོངས་སུ་ཞང4དང་གྲོང་བརྡལ3།སྲིད་འཛིན་སྡེ་བ64སོགས་ཡོད་པར་མ་ཟད།མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་ཀྱི་སྨི3700དང་།རྫོང་ཧྲིལ་བོར་མི་གྲངས75767ཡོད་པའི་ནང་ཞིང་སྡེའི་མི་གྲངས64963དང་གྲོང་བརྡལ་གྱི་མི་གྲངས10804ཡོད་ཅིང་།བོད་རིགས་གཙོ་བོའི་ཕྱུགས་ལས་རྫོང་རྐྱང་བ་ཡིན་ཞིང་།རྫོང་ཁོངས་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6440དང་མི་རེའི་ཆ་སྙོམས་ཀྱི་རྩྭ་ས་མུའུ124ཟིན་ཡོད་ཟེར།

1498188182656742.jpg

རྩེ་ཁོག་རྫོང་གི་ནོར་གནག་གི་གནས་ཚུལ་མཚམས་སྦྱོར་བྱེད་སྐབས་ཁོས་བསྟན་དོན།རྩེ་ཁོག་གི་ནོར་གནག་ནི་མཚོ་ངོས་ལས་མཐོ་ཚད་སྨི3000ཡན་ཆད་དུ་གངས་ཆུ་འཐུང་བ་དང་ཁམས་གསོའི་ནུས་བ་ལྡན་པའི་སྨན་རྩྭ་སོགས་ཟོས་ཏེ།ནོར་ནག་ལ་རིམས་ནད་དང་གྲང་འགོག་གི་ནུས་པ་ཆེ་ཞིང་།སྐམས་ཤ་དང་འོ་མ་སོགས་ནི་སྤྲི་དཀར་དང་ཐན་ཆུའི་འདྲེས་སྦྱོར་དངོས་རྫས།གཏེར་རྒྱུ།འཚོ་རྒྱུ།ཨེམ་རྨང་སྐྱུར་སོགས་འཚོ་བཅུད་ཀྱི་གྲུབ་ཆ་མང་བས་རང་བྱུང་གི་ལྷད་མེད་ཟས་རིགས་ཏེ།གསར་སྤེལ་གྱི་རིན་ཐང་ཆེན་པོ་ལྡན།མིག་སྔར་རྩེ་ཁོག་རྫོང་དུ་ནོར་ནག་ཁྲི་ལྔ་བཅུ་ལྷག་ཡོད།

1498188183374488.jpg

ཕྱི་རྒྱལ་གྱི་ཆེད་མཁས་པས་གཏམ་བཤད་སྤེལ་བཞིན་པ།

རྩེ་ཁོག་གི་ནོར་གནག་ལ་རྒྱལ་ཡོངས་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་སྲུང་སྐྱོབ་ཐོན་རྫས་ཀྱི་མཚན་སྙན་ཐོབ་ཡོད་པས།ཉེ་བའི་ལོ་འགའི་རིང་།རྩེ་ཁོག་རྫོང་གིས“སྐྱེ་ཁམས་ཀྱིས་རྫོང་དར་བ་དང་སྐྱེ་ལྡན་གྱིས་རྫོང་ཕྱུག་པའི”འཕེལ་རྒྱས་འཐབ་ཇུས་ལྟར།སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་གཙོ་བོར་བཟུང་ནས་དབུལ་སྐྱོར་ཐོན་ལས་གླིང་ཁུལ་དང་ནོར་གནག་གསོ་སྤེལ་རྟེན་གཞི།མཉམ་ལས་ཁང་དང་ཐོན་ལས་རོགས་སྐྱོར་སོགས་ལ་བརྟེན་ཏེ།སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་སུ་བཏང་ནས།ཚོང་འགུག་དངུལ་འདྲེན་གྱི་སྟེགས་བུ་བསྐྲུན་པ་དང་སྣེ་ཁྲིད་ཀྱིས་ནུས་པ་ལྡན་པའི་ཁེ་ལས་ནང་འདྲེན་བྱས་ཏེ།སྐྱེ་ལྡན་གསོ་སྤེལ་ཁྱིམ་ཚང་གི་ཕྱུགས་ཟོག་གི་ཡིག་ཚགས་འཐུས་ཚང་དང་ཁུངས་འདེད་མ་ལག་བཙུགས་ནས།སྐམས་ཤ་དང་ལུག་ཤ།འོ་མའི་རིགས་ཀྱི་ཐོན་རྫས་སོགས་ས་གནས་ཟོང་རྟགས་གསར་བསྐྲུན་དང་།ཐོན་རྫས་ཀྱི་ཟུར་སྣོན་རིན་གོང་ཇེ་མཐོར་བཏང་།

མཇུག་མཐར་ཁོས་ཡིད་ཆེས་དང་གདེང་ཚོད་ཡོད་པའི་སྒོ་ནས།དབྱར་ཟླ་དྲུག་པའི་མཚོ་སྔོན་ནི་རྩི་ལྗོན་གོས་སུ་བཀླུབས་པས་གཡུ་ཡི་མདངས་ཀྱིས་སྒེག་ལ།དྲོད་གྲང་ལུས་པོར་འཕྲོད་པས་མི་སེམས་སྤྲོ་དགས་མྱོས་ཡོད།དེ་རིང་གི2017ལོའི་མཚོ་སྔོན་ནོར་གནག་ཐོན་ལས་འཕེལ་རྒྱས་གཏོང་བའི་སྐོར་གྱི་མཐོ་རིམ་གླེང་སྟེགས་འདི་བརྒྱུད་ནས།ང་ཚོས་སྔར་ལས་ལྷག་པར་རྩེ་ཁོག་ནོར་གནག་གིས་གཙོས་པའི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཚོང་ར་མཐོ་གྲས་སུ་བསྐྱོད་པ་དང་།རྩེ་ཁོག་མཐོ་སྒང་གི་དེང་རབས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྔར་མེད་ཀྱི་གསོན་ཤུགས་རྒྱས་ཐུབ་ངེས་ཡིན་ཟེར།

1498188187118321.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།