ཞིན་ཧེ་རྫོང་གིས་རྣམ་པ་གསུམ་སྤྱད་ནས་རོང་འབྲོག་ས་ཁུལ་གྱི་རྒན་གསོ་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འདི་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གིས་རྒན་གསོ་ཁང་འཛུགས་པ་རྨང་གཞིར་བྱེད་པ་དང་། རང་ཁྱིམ་ནས་རྒན་གསོ་བྱེད་པ་རྒྱབ་རྟེན་དུ་བྱེད་པ། རོང་འབྲོག་ཁུལ་གྱི་ཚབ་གསོ་བྱེད་པ་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་རྒན་གསོ་ཐབས་ལམ་གསུམ་སྤྱད་དེ་རྫོང་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་རྒན་གསོ་ཞབས་ཞུའི་ཆུ་ཚད་རིམ་བཞིན་མཐོ་རུ་བཏང་ཡོད་པ་རེད།

ཤེས་གསལ་བྱུང་བ་ལྟར་ན། ཞིན་ཧེ་རྫོང་དུ་མིག་སྔའི་བར་རྒན་གསོ་ཁང་གསུམ་བཙུགས་ཡོད་པ་དང་། ཁྱོན་སྡོམ་ལོ་ལོན་བརྒྱ་དང་གསུམ་ལ་ཞབས་ཞུ་བྱེད་བཞིན་ཡོད་པ་རེད། གཞན་རྫོང་ཡོངས་ཀྱི་རོང་འབྲོག་ས་ཁུལ་གྱི་དབང་བོ་སྐྱོན་ཅན་གྱི་ལོ་ལོན་རྒན་པ་དང་། བྱིས་པ་གམ་དུ་མེད་པ་དང་ལོ་ན་མཐོ་བའི་ལོ་ལོན་རྒན་པ་བཅས་ཁྱོན་སྡོམ་ལོ་ལོན་བརྒྱ་ལ་རེ་གཅིག་ལྷག་ལ་ཚབ་གསོ་ཞབས་ཞུ་རོགས་དངུལ་སྒོར་ས་ཡ་གཅིག་དང་འབུམ་དགུ་ཁྲི་ལྔ་དང་སྟོང་བདུན་བཞི་བརྒྱ་ལྷག་བྱིན་ཡོད་པ་རེད། ད་སྐབས་རྫོང་ཡོངས་ཀྱི་ལོ་ལོན་རྒན་པ་དག་ལ་དངོས་ནས་རྒས་དུས་རྒན་གསོ་བྱེད་མཁན་ཡོད་ལ་རྒན་གསོ་བྱེད་ཡུལ་ཡོད་པ་དང་། རྒན་གསོ་བྱེད་པའི་བདེ་སྐྱིད་མྱོང་ཐུབ་པར་གྱུར་ཡོད་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།