མཚོ་སྔོན་དངུལ་ཁང་གིས་ཏང་ཨུའི་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོ་ནི། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་གྲོལ་བའི་ཕྱི་ཉིན་རེད། མཚོ་སྔོན་དངུལ་ཁང་གིས་མྱུར་མོར་ཏང་ཨུའི་རྒྱ་སྐྱེད་གྲོས་ཚོགས་དང་ཏང་ཨུའི་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་གྲོས་ཚོགས་བསྡུས་ཏེ། ཁྱོན་ཡོངས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཞིང་ཆེན་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། དངུལ་ཁང་ཁྱབ་ཁོངས་ཡོངས་ནས་མ་ལག་རང་བཞིན་ལྡན་པའི་ངང་སློབ་སྦྱོང་མཐར་ཕྱིན་བྱས་པ་ལས་གཞན། ཁྱོན་ཡོངས་ནས་བཀོད་སྒྲིག་ཞིབ་ཕྲ་བྱས། མཚོ་སྔོན་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཝང་ལིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་། དངུལ་ཁང་ཏང་ཨུའི་ཨུ་ཡོན་དང་། སྤྱིའི་དངུལ་ཁང་མགོ་ཁྲིད་ཚན་ཁག་གི་ཁོངས་མི་བཅས་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས།

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་དང་། ཁྱད་པར་དུ་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པར་རྒྱལ་ཁ་ལེན་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཀྱང་ཡིན། གྲོས་ཚོགས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་བྱ་བར་གདེང་འཇོག་ཚད་མེད་བྱས་པ་དང་། མ་འོངས་པའི་ལོ་ལྔའི་མཚོ་སྔོན་འཕེལ་རྒྱས་ཀྱི་གོ་སྐབས་དང་འགྲན་རྩོད་ལ་བརྡར་གཅོད་ཡང་དག་བྱས་ཏེ། མ་ལག་རང་བཞིན་ལྡན་པའི་སྒོ་ནས་མ་འོངས་ལོ་ལྔའི་དམིགས་འབེན་གཙོ་བོ་དང་བྱ་བའི་བཀོད་སྒྲིག་བཏོན་པས། མ་འོངས་ལོ་ལྔ་དང་ཡང་ན་དེ་ལས་རིང་བོའི་དུས་སྐབས་ཤིག་གི་མཚོསྔོན་གྱི་འཕེལ་རྒྱས་ལ་སྣེ་སྟོན་ལེགས་པོ་བྱེད་ཐུབ་པ་དང་། དེ་ནི་མཚོ་སྔོན་དངུལ་ཁང་གིས་དུས་སྐབས་གསར་བའི་བྱ་བ་བཟང་བོར་བསྒྲུབ་པ་ལ་མཛུབ་སྟོན་དོན་སྙིང་གལ་ཆེན་ལྡན་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་བཟང་བོ་བྱེད་པ་དང་གོ་བ་ཡང་དག་ལེན་པ། དངོས་འབེབས་དོན་འཁྱོལ་བྱེད་པ། ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི། མཚོ་སྔོན་དངུལ་ཁང་གི་མ་འོངས་དུས་རིམ་ཞིག་གི་ཆབ་སྲིད་འོས་འགན་གལ་ཆེན་ཞིག་ཡིན། སློབ་སྦྱོང་བཟང་བོ་བྱེད་རྒྱུ་ནི་རྨང་གཞི་ཡིན་པ་དང་། གོ་བ་ཡང་དག་ལེན་རྒྱུ་ནི་འགན་སྲུང་ཡིན། དངོས་འབེབས་དོན་འཁྱོལ་བྱེད་རྒྱུ་ནི་དམིགས་འབེན་རེད། ཁྱོན་ཡོངས་ནས་སློབ་སྦྱོང་བྱེད་པ་དང་། མ་ལག་དང་ལྡན་པའི་སྒོ་ནས་སློབ་པ། དུས་ཡུན་རིང་བོར་སློབ་པ་བཅས་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་གི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། སློབ་སྦྱོང་བཟང་བོ་བྱེད་པའི་རྨང་གཞིའི་སྟེང་དུ་དགོངས་དོན་ལ་གོ་བ་ཡང་དག་ལེན་དགོས་ཤིང་། བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། བྱ་བར་ཡར་སྐུལ་གཏོང་ཐུབ་པའི་སྟོབས་ཤུགས་ཆེན་པོ་ཞིག་གྲུབ་པར་བྱེད་དགོས། དགོངས་དོན་ལ་གོ་བ་ཡང་དག་ལེན་པའི་རྨང་གཞིའི་སྟེང་དུ། གཙོ་གནད་དམ་འཛིན་དང་དཀའ་གནད་དམ་འཛིན། འབུར་ཐོན་གྱི་ཆ་དམ་འཛིན། དགེ་མཚན་གྱི་ཁྱབ་རྒྱ་ཆེར་བསྐྱེད་པ། ཞན་ཆ་དུས་ལྟར་གསབ་པ། རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་ལ་འབད་མཐར། མཚོ་སྔོན་དངུལ་ཁང་བདེ་ཐང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་ནུས་པ་མཐོར་འདེགས་གཏོང་བ་དང་དངོས་གཟུགས་དཔལ་འབྱོར་གྱི་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་གཏོང་བར་འབད་འབུངས་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།