མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་གིས་ཆེད་དོན་གྲོས་ཚོགས་བསྡུས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་གིས་ཆེད་དོན་གྲོས་ཚོགས་བསྡུས་ནས། དུས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་པད་ཧེ་ཡིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་རྩ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། གྲོས་ཚོགས་ཀྱི་སྙན་ཞུ་བརྒྱུད་སྒྲོག་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་སྒྲོག་བྱས།

གྲོས་ཚོགས་ལས་བསྟན་དོན། ཐེངས་འདིའི་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པར་རྒྱལ་ཁ་ལེན་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་བྱ་བ་གལ་ཆེན་ཞིག་ཀྱང་རེད། ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་སྐབས་བཅུ་གཉིས་པའི་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་ཕུལ་བའི་སྙན་ཞུ་སྟེ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་པ་ལས། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚུན་ལ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་ཡོད་པ་དང་། ཀྲུང་དབྱང་གི་དགོངས་དོན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་ལ་ངོས་འཛིན་ཡང་དག་བྱས་པར་མ་ཟད། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་སྣེ་སྟོན་དུ་བཟུང་ནས། བསྒྱུར་བ་བཞི་སྐུལ་སྤེལ་བྱས་པ་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་གང་ལེགས་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ཐུན་མོང་གི་རེ་འདུན་མངོན་པར་མཚོན་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཐེངས་འདིའི་ཏང་གི་འཐུས་མིའི་ཚོགས་ཆེན་གྱིས་བཏོན་པའི་འཆར་འགོད་ལས། ལྷག་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་དེ་ནི། མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་བརྟག་དཔྱད་ལས་རིགས་ཀྱི་རྗེས་ཕྱོགས་བྱ་བའི་འཕེལ་རྒྱས་ཐད་ཀྱི་ལག་ལེན་རྩ་འཛིན་གལ་ཆེན་ཡིན་པས། སྡེ་ཁག་སོ་སོས་ངེས་པར་དུ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག ལག་བསྟར་དོན་འཁྱོལ་ཡོང་བར་བྱེད་པ་བཅས་ཆབ་སྲིད་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་ནམ་རྒྱུན་གྱི་བྱ་བའི་ཁྲོད་གོམས་པར་བྱས་ཏེ། མཚོ་སྔོན་གྱི་གནམ་གཤིས་བརྟག་དཔྱད་ལས་རིགས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་སྐུལ་སྤེལ་བྱེད་པ་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་གང་ཡོད་འདོན་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།