མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ་མུའུ་ཏུང་ཧྲིན་གྱིས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་ལག་བསྟར་དོན་འཁྱོལ་ཡོང་བར་བྱེད་པའི་བླང་བྱ་ནན་མོ་བཏོན། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་གྱིས་ཐེངས་འདིའི་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་སུའུ་ཉིན། ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཚའོ་ཝུན་ཧུའུ་དང་། མ་ཝེ། ཚའོ་ཧུང་བཅས་དང་། ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་བཅས་ཐེངས་འདིའི་གྲོས་ཚོགས་ལ་ཞུགས། ཀྲུའུ་རིན་གཞོན་པ་དབང་མོ་ཐེངས་འདིའི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

མུའུ་ཏུང་ཧྲིན་གྱིས་ནན་གྱིས་བསྟན་དོན། ཏན་ཏན་ཏིག་ཏིག་བཞིའི་དར་ཆ་མཐོན་པོར་བསྒྲེང་ནས། མཚོ་སྔོན་གྱི་འཕེལ་རྒྱས་གནས་བབ་ལ་གོ་བ་མ་ནོར་བ་ལེན་དགོས་ཤིང་། སྤྱི་ཡོངས་ཀྱི་གནས་སྟངས་ཁྲོད་ནས་ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པའི་མགོ་རྩོམ་ས་དང་གཞི་གཅིག་ཏུ་སྦྲེལ་ས་ཡང་དག་པའི་སྒོ་ནས་འཚོལ་དགོས་ལ། ཁྱད་པར་དུ་བསྒྱུར་བ་བཞི་ཤུགས་ཆེན་པོས་སྤེལ་བའི་ཁྲོད་ནས་འགན་སྒྲུབ་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གནད་འགག་དང་ཞན་ཆ་དུས་ལྟར་གསབ་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་དོ་ཁུར་བྱེད་པའི་གནད་དོན་ཚ་ཤོས་དམ་འཛིན་བྱས་ཏེ། ཡང་དག་ཅིང་ཕན་འབྲས་ལྡན་པའི་ལྟ་སྐུལ་དོ་དམ་ལག་བསྟར་བྱེད་དགོས་པ་དང་། ཚུལ་སྒྱུར་ཆེན་པོ་དང་མཐོར་འདེགས་ཆེན་པོར་སྐུལ་འདེད་བཏང་སྟེ། མདོར་ན་གྲུབ་འབྲས་གཡུར་དུ་ཟ་བས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།