ལིའུ་ཉིང་དང་ཀྲང་ཀོང་རུང་། ཝང་ཞའོ་ཡུང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཀྲང་ཞི་མིན། ཝང་ཡུས་པའོ། ཧུའུ་ཁྲང་ཧྲེང་། ཝང་ཡུས་ཡན་བཅས་འཐུས་ཚོགས་པ་འགའི་གྲོས་ཞིབ་ལ་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་ཉེར་གཉིས་དང་ཚེས་ཉེར་གསུམ་ཉིན་གཉིས་ལ། ལིའུ་ཉིང་དང་ཀྲང་ཀོང་རུང་། ཝང་ཞའོ་ཡུང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཀྲང་ཞི་མིན། ཝང་ཡུས་པའོ། ཧུའུ་ཁྲང་ཧྲེང་། ཝང་ཡུས་ཡན་བཅས་བློ་མཐུན་རྣམས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་ལ་ཞུགས།

ལིའུ་ཉིང་མཚོ་ཤར་དང་ཟི་ལིང་། ཡུས་ཧྲུའུ་བཅས་ཀྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་བཤད་རྒྱུར། སྙན་ཞུའི་འགོ་རྔ་བར་གསུམ་དུ་ཏན་ཏན་ཏིག་ཏིག་བཞི་ཡི་ལངས་ཕྱོགས་གསལ་པོར་བསྟན་ཡོད་ལ། ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་པའི་གཙོ་ཐིག་གསལ་པོར་བྲིས་ཡོད་པ་དང་། བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏག་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་བྱེད་པའི་བརྟག་ཐབས་གསལ་པོར་བཀོད་ཡོད་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པའི་མཚོན་བྱེད་ཞིབ་ཕྲ་ཡིན་ཞིང་། དུས་མཉམ་གཅིག་དང་སྔར་ལས་བཞིའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བདེ་སྐྱིད་ལྡན་པར་བྱེད་པའི་འགུལ་སྐྱོད་ཀྱི་ཁ་ཕྱོགས་ཡིན་ཟེར།

ཀྲང་ཀོང་རུང་དང་ཝང་ཞའོ་ཡུང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཀྲང་ཞི་མིན། ཝང་ཡུས་པའོ། ཧུའུ་ཁྲང་ཧྲེང་། ཝང་ཡུས་ཡན་བཅས་བློ་མཐུན་རྣམས་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་ལ་ཞུགས། ཚང་མས་གཅིག་གྱུར་གྱསི་བལྟས་ན། སྙན་ཞུས་ཀྲུང་དབྱང་གི་བླང་བྱར་དམ་དུ་དམིགས་པ་དང་། མཚོ་སྔོན་གྱི་དོན་དངོས་ལ་ཟུང་དུ་སྦྲེལ་ཞིང་། མི་དམངས་ཀྱི་འདོད་བློར་ཡོངས་སུ་བསྟུན་ལ། དུས་རབས་ཀྱི་འཕེལ་ཕྱོགས་ལ་ཀུན་ནས་བསྟུན་ཡོད་པས། ཆབ་སྲིད་ཀྱི་ལངས་ཕྱོགས་སྒྲོག་པ་དང་ཆབ་སྲིད་ཀྱི་རྣམ་འགྱུར་སྟོན་པ། ཆབ་སྲིད་ཀྱི་འདོད་བློ་མངོན་པ་བཅས་ཀྱི་སྒྲོག་གཏམ་ཡི་གེ་ཞིག་ཡིན་ལ། ཞིང་ཆེན་གྱི་ཁྱད་ཆོས་ཀུན་ནས་ཤེས་པ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་གསལ་པོར་སྟོན་པ། མ་འོངས་པའི་བྱ་བར་མཛུབ་སྟོན་བྱེད་པ་བཅས་ཀྱི་ཡོངས་སྒྲོག་གི་སློབ་ཁྲིད་ཅིག་ཀྱང་ཡིན་པར་འདོད་ཟེར།

ཚང་མས་གཅིག་གྱུར་གྱིས་བསྟན་དོན། མ་འོངས་པའི་ལོ་ལྔའི་ནང་དུ། ང་ཚོས་རྒྱལ་ཡོངས་དང་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པ་དང་། སྔར་ལས་འབྱོར་ཕྱུག་དང་སྔར་ལས་དཔལ་ཡོན། སྔར་ལས་འཆམ་མཐུན། སྔར་ལས་མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ན། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། ངེས་པར་དུ་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་དགོས་ལ། ངེས་པར་དུ་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས་ཤིང་། ངེས་པར་དུ་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་དགོས་པ་དང་། ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཤིང་། ངེས་པར་དུ་དུས་ནམ་ཡང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་དུ་ཁ་ཕྱོགས་ཡང་དག་པར་འཚོལ་བ་དང་། སྟོབས་ཤུགས་གཅིག་ཏུ་བསྡུ་བ། དཀའ་གནད་ཡོངས་སུ་སེལ་བ། འབད་པས་སྔོན་སྐྱོད་བྱེད་པ་བཅས་བྱས་ནས། རྒྱུན་ཆད་མེད་པར་རྒྱལ་ཁ་གསར་བ་ལེན་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།