མཚོ་ལྷོ་ཁུལ་གྱི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་གྱིས་རོང་འབྲོག་པ་ཁྲི་གསུམ་ལ་ཕན་ཐོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོར།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བསྡོམས་པས་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་ལས་འགན30ལག་ཏུ་བསྟར་བ་དེ།རྫོང5དང་ཞང་གྲོང27དང་འབྲེལ་བ་ཡོད་ལ།རོང་འབྲོག་ཁྱིམ་ཚང8000ལྷག་དང་མི32000ལྷག་ལ་ཕན་ཐོགས་སོང་།འཛུགས་སྐྲུན་ཐད་སྤྱིའི་མ་དངུལ་སྒོར་དུང་ཕྱུར4.18བཏང་། ལས་གཞི་དེའི་ནང་དུ་སྡོད་ཁང་འཛུགས་སྐྲུན་དང་རྨང་གཞིའི་སྒྲིག་བཀོད།ཁོར་ཡུག་བཅོས་སྐྱོང་།སྤྱི་སྤྱོད་ཞབས་ཞུའི་སྒྲིག་བཀོད། ཐོན་ལས་འཕེལ་རྒྱས་སོགས་འདུས་ཡོད།

འཛུགས་སྐྲུན་གོ་རིམ་ཁྲོད་ལག་བསྟར་སྡེ་བའི་འཕེལ་རྒྱས་རྨང་གཞི་དང་རང་བྱུང་ཁོར་ཡུག སྡེ་བའི་ཆགས་སྟངས། ཁྱད་ལྡན་ཐོན་ཁུངས་སོགས་ཀྱི་ཁྱད་ཆོས་ལྟར།རང་སྟེང་གི་འཕེལ་རྒྱས་ལེགས་ཆ་དང་ས་ཁོངས་ཀྱི་མི་རིགས་ཁྱད་ཆོས་བེད་སྤྱད་དེ་ཚན་རིག་དང་མཐུན་པའི་སྒོ་ནས་འཛུགས་སྐྲུན་གྱི་འཆར་གཞི་སྒྲིག་འཛུགས་བྱས།སྲོལ་རྒྱུན་གྱི་གྲོང་སྡེ་དང་མི་རིགས་རིག་གནས་སྲུང་སྐྱོབ་བྱེད་པར་དོ་སྣང་དང་།ཞིང་སྡེའི་རིག་གནས་དང་དམངས་སྲོལ་གོམས་གཤིས་སོགས་ཀྱི་ནང་དོན་དང་སྦྲེལ་ནས།ཤུགས་ཆེན་པོས“སྡེ་བ་གཅིག་ལ་ཡུལ་ལྗོངས་གཅིག་དང་སྡེ་བ་གཅིག་ལ་ཉམས་འགྱུར་གཅིག”བསྐྲུན་ཏེ།མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་གྱི་ནང་དོན་མུ་མཐུད་དུ་ཕུན་སུམ་ཚོགས་པོར་བཏང་།གྲོང་སྡེ་གཙང་དག་བྱེད་པ་དང་། ལྗང་སྒྱུར་དང་གསལ་སྒྱུར།གཙང་སྒྱུར། མཛེས་སྒྱུར་བཅས་ཀྱི་བཟོ་འགོད་ལག་ཏུ་བསྟར་པས།སྡེ་བའི་རྣམ་པར་ལེགས་བཅོས་ཆེན་པོ་བྱུང་།དེར་བརྟེན་ནས་ཞང་སྡེའི་ཡུལ་སྐོར་དང་སྐྱེ་ཁམས་ཡུལ་སྐོར་གོང་དུ་སྤེལ་བ་དང་།མི་རིགས་ཀྱི་རིག་གནས་དང་དེང་རབས་དཔལ་ཡོན་གྱི་རྣམ་པ་ལྡན་པའི་དཔེ་སྟོན་སྡེ་བ་ཆགས།

དུས་མཉམ་དུ་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་ད་དུང་རོང་འབྲོག་ཁུལ་ལ་སྡོད་ཁང་ཇུས་འགོད་བྱས་པ་དང་།ཤུགས་ཆེན་པོས་ཉི་ནུས་དྲོད་ཁང་དང་དྲོད་ཁྱམས།ཆུ་དྲོད་འཕྲུལ་ཆས།གྱང་ངོས་དྲོད་སྲུང་སོགས་ཀྱི་ནུས་བསྲི་ལག་རྩལ་ཁྱབ་གདལ་བྱས་པ་དང་།གསར་དུ་ལས་པའི་ཁང་པ་མང་པོར་སྤྱོད་ཁང་དང་ཇ་ཁང་།རང་འབབ་ཆུ་སོགས་ཡོད་པས།རོང་འབྲོག་པ་མང་པོ་ནུས་བསྲི་དང་ཁོར་ཡུག་སྲུང་སྐྱོབ་ལ་ཕན་པའི་ཁྱད་ལྡན་ཁང་གསར་ནང་འདུག་ཐུབ་སོང་བ་དང་། རོང་འབྲོག་པ་མང་ཚོགས་ལ་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་ཁྲོད་ཁེ་ཕན་ངོ་མ་ཐོབ་སོང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།