མཚོ་སྔོན་གྱི་སྨྱན་བྱད་གསར་བའི་སྲིད་དོན་ཞབས་ཞུའིAPPཐོག་མ"སྤྲིན་རྩིས་ཀྱི་རྨ་ལྷོ"དངོས་སུ་ཤར་གཏོང་བྱས།

f75c71f90db7f8de099ef3f5ba70289a.jpg

微信图片_20170512140341.jpg

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།(གསར་འགོད་པ།ཚེ་རིང་རྒྱ་མཚོ།) ཟླ5པའི་ཚེས12ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས"དྲ་རྒྱའི་རྒྱལ་ཁབ"འཛུགས་སྐྲུན་བྱེད་དགོས་པའི་གསུང་བཤད་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས"དྲ་སྦྲེལ་དྲ་བ་དང་འགུལ་སྐྱོད་འཆར་འགོད"ཞེས་པའི་འཐབ་ཇུས་བཀོད་སྒྲིག་ལྟར། ཀྲུང་གུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱོན་ཡོངས་ནས་ཁུལ་ཡོངས་ཀྱི་བརྡ་འཕྲིན་ཐོན་ཁུངས་ཧྲག་བསྡུ་བྱས་ཏེ། ཞིང་ཆེན་གྱི་སྨྱན་བྱད་གསར་བའི་སྲིད་དོན་ཞབས་ཞུའིAppཐོག་མ"སྤྲིན་རྩིས་ཀྱི་རྨ་ལྷོ"འཛུགས་སྐྲུན་བྱས་པ་དང་དངོས་སུ་ཤར་གཏོང་བྱས། 

97d60c05f217dc7562b443afdf5c7003.jpg

ཐེངས་འདིའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པའམ། ཞིང་ཆེན་དྲ་རྒྱའི་བརྡ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་ཞང་ཆིན་ཁེ་དང་། ཀྲུང་གོའི་གློག་འཕྲིན་མཚོ་སྔོན་ཡན་ལག་ཀུང་སིའི་སྤྱི་གཉེར་བ་གཞོན་པ་ཀོས་ཅིན་ཧེ། ཀྲུང་གུང་རྨ་ལྷོ་བོད་རང་སྐྱོང་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའམ། ཁུལ་དཔོན་གཞོན་པ་དབྱང་ཀྲི་ཅོན། ཀྲུང་གུང་རྨ་ལྷོ་བོད་རང་སྐྱོང་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའམ།རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཅང་ཡའོ་ཁྲིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཏང་ཡོན་སློབ་གསོ་ཁྲུའུ་ཡི་ཀྲའོ་ཧྥུ་མིང་བཅས་དཔང་མི་བྱས་ཏེ་མཉམ་དུ"སྤྲིན་རྩིས་ཀྱི་རྨ་ལྷོ"ཞེས་པའི་སྨྱན་བྱད་གསར་བའི་སྲིད་དོན་ཞབས་ཞུའི་བརྡ་འཕྲིན་སྟེགས་བུ་སྤྱོད་འགོ་བརྩམས། 

4aaefc63fc2bc6a1df7dcbe220fdddb5.jpg

 ཉེ་བའི་ལོ་གཉིས་རིང་། ཀྲུང་གོའི་གློག་འཕྲིན་བརྡ་འཕྲིན་ཅན་འཛུགས་སྐྲུན་གྱིས་རྒྱབ་སྐྱོར་འོག  རྨ་ལྷོ་ཁུལ་གྱིས་རྒྱལ་ཡོངས་ཀྱི་དྲ་སྦྲེལ་དྲ་བ་དང་བོད་བརྒྱུད་ནང་བསྟན་དགོན་པ་ཚད་ལྡན་ཅན་གྱི་དོ་དམ་ཞབས་ཞུའི་སྟེགས་བུ་ཐོག་མ་དང་། རྒྱལ་ཡོངས་ཀྱི་དྲ་སྦྲེལ་དྲ་བ་དང་གནད་ཕིགས་དབུལ་སྐྱོར་གྱི་རྨ་ལྷོའི་རྣམ་པ་ཐོག་མ་འཛུགས་སྐྲུན་བྱས་པ་མ་ཟད། ཞིང་ཆེན་ཡོངས་ནས་སྔོན་ཐོན་ཡིན་པའི་དྲ་སྦྲེལ་དྲ་བ་དང་སྲིད་འཛིན་ཞབས་ཞུའི་སྟེགས་བུ་དང་། གཞི་གསུམ་འཛུགས་སྐྲུན་གྱི་བརྡ་འཕྲིན་སྟེགས་བུ་བསྐྲུན་པ་བཅས་སྔར་ལས་ལྷག་པར་སྤྱི་ཚོགས་བཅོས་སྐྱོང་ནུས་པ་དང་སྤྱི་སྤྱོད་ཞབས་ཞུའི་ཆུ་ཚད་ཇེ་ལེགས་སུ་བཏང་། 

5d2738bc8fd2827767e5b972b864d305.jpg

རྗེས་མར། ཀྲུང་གུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་། ཁུལ་སྲིད་གཞུང་གིས་ཀྲུང་གོ་གློག་འཕྲིན་དང་མཉམ་དུ་ལག་རྩལ་རིམ་སྤར་དང་འཇོན་མིའི་དཔུང་སྡེ་སྐྱེ་སྲིང་བྱ་བ་ལེགས་པར་སྒྲུབ་ཏེ། མུ་མཐུད་དུ་སྟེགས་བུའི་བྱེད་ནུས་རྒྱ་སྐྱེད་པ་དང་དོ་དམ་ཞབས་ཞུའི་ཆུ་ཚད་ལེགས་བཅོས་བྱས་ནས"སྤྲིན་རྩིས་ཀྱི་རྨ་ལྷོ"ཞེས་པ་ཁུལ་ཡོངས་ཀྱི་ཆེས་བདེ་འཇགས་དང་། ཆེས་སྟབས་བདེ།  ཆེས་དབང་གྲགས་ཅན་གྱི་བརྡ་འཕྲིན་ཞབས་ཞུའི་སྟེགས་བུར་བསྐྲུན་རྒྱུ་དང་། སྟེགས་བུ་དེ་མང་ཚོགས་ཀྱི་ཆེས་ཡིད་རྟོན་བྱེད་པ་དང་།  ཆེས་བློ་ཚིམ་པའི་སྤོ་འགུལ་ཞབས་ཞུའི་སྟེགས་བུར་གྱུར་ཏེ་དཔལ་འབྱོར་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་འཇོག་པར་སྐུལ་འདེད་གཏོང་རྒྱུ་རེད། 

"སྤྲིན་རྩིས་ཀྱི་རྨ་ལྷོ"ཤར་གཏོང་བྱས་བ་དེས་རྨ་ལྷོ་ཁུལ་གྱི་སྨྱན་བྱད་མཐུན་སྦྱོར་འཕེལ་རྒྱས་དང་ཏང་གི་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ། སྲིད་དོན་བརྡ་འཕྲིན་སྤྱི་བསྒྲགས་ཀྱི་བགྲོད་ལམ་ཇེ་ཡངས་ཏུ་གཏོང་བ། མང་ཚོགས་ཀྱིས་དོ་སྣང་བྱེད་བཞིན་པའི་སྤྱི་ཚོགས་ཚ་ཤས་ལ་ལན་སློག་པ་སོགས་སྔར་ལས་ལྷག་པར་རྒྱ་ཆེའི་མང་ཚོགས་ལ་ཞབས་འདེགས་ཞུ་བར་དོན་སྙིང་གལ་ཆེན་ལྡན།   །   

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།