མཚོ་སྔོན་ཞིང་ཆེན་ཡོངས་གྱི་གསར་དུ་བསྐོ་འཇོག་བྱས་པའི་དྲིལ་སྒྲོག་པུའུ་ཀྲང་གི་གསོ་སྦྱོང་འཛིན་གྲྭ་ཟླ4བའི་ཚེས24ཉིན་ཧོང་ཀྲུང་རྫོང་ནས་བསྒྲུབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གསར་དུ་བསྐོ་འཇོག་བྱས་པའི་དྲིལ་སྒྲོག་པུའུ་ཀྲང་གི་གསོ་སྦྱོང་འཛིན་གྲྭ་ཟླ4བའི་ཚེས24ཉིན་ཧོང་ཀྲུང་རྫོང་ནས་སྤེལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མིང་གིས་འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ་དང་བརྫོད་བྱར་དམ་དུ་དམིགས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་ཚོགས་པར་བསུ་མ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲང་ཞི་མིང་གིས་བཤད་རྒྱུར། ད་ལོའི་དྲིལ་སྒྲོག་གི་ལས་འགན་གཙོ་བོར་དམིགས་ནས་ཀྲུང་དབྱང་གིས་ཆེད་དུ་རྒྱལ་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་དགོངས་དོན་ལ་ཆེད་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ལ། ང་ཚོས་ཀྱང་མགྱོགས་མྱུར་གྱིས་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ད་ལོའི་དྲིལ་སྒྲོག་བྱ་བར་བཀོད་སྒྲིག་བྱས་པ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཡང་བསྐྱར་མཆན་བཀོད་མཛུབ་སྟོན་གནང་སྟེ་བཞུགས་མོལ་ཚོགས་འདུའི་རྨང་གཞིའི་སྟེང་སྔར་ལས་ལྷག་པའི་སྒོ་ནས་དྲིལ་སྒྲོག་བྱ་བར་བཀོད་སྒྲིག་བྱས་ཏེ་ཀྲུང་དབྱང་གི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་ཞེས་ནན་གྱིས་བསྟན། བླང་བྱ་འདི་དག་ནི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དྲིལ་སྒྲོག་པུའུ་ཀྲང་གིས་ལས་འགན་ལག་བསྟར་བྱེད་པའི་འགན་འཁྲིའི་ཡི་གེ་ཡིན་པས་ཡང་དག་པའི་ཆབ་སྲིད་ལངས་ཕྱོགས་དང་གླེང་ཕྱོགས་མཛུབ་སྟོན་རྒྱུན་འཁྱོངས་བྱས་ཏེ་རིགས་སོ་སོའི་དྲིལ་སྒྲོག་བྱ་བ་བཟང་བོར་སྒྲུབ་དགོས་ཟེར།

རྫོང་རིམ་པའི་དྲིལ་སྒྲོག་པུའུ་ཀྲང་མང་ཆེ་བ་ཞིག་གསར་དུ་བསྐོ་འཇོག་བྱས་པའི་གནས་ཚུལ་ལ་དམིགས་ནས་ཀྲང་ཞི་མིང་གིས་ཡུལ་དངོས་ནས་ཁོ་ཚོར་ཉམས་མྱོང་བཤད་པ་དང་བསམ་ཕྱོགས་གླེང་ནས་ཁྱོད་ཚོ་ཚང་མ་ནི་ཀྲུང་དབྱང་གི་དྲིལ་སྒྲོག་བྱ་བའི་སྲིད་དོན་བྱེད་ཕྱོགས་གཞི་རིམ་ནས་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་སྣེ་ཁྲིད་མཁན་ཡིན་པས་ཐོག་མཐའ་བར་གསུམ་ཀུན་ཏུ་དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་དྲིལ་སྒྲོག་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།