2017ལོའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་དུས་རིམ་གཉིས་པའི་འཛུགས་སྐྲུན་བཟོ་སྐྲུན་སྐུལ་སྤེལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས་18ཉིན། 2017ལོའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་དུས་རིམ་གཉིས་པའི་འཛུགས་སྐྲུན་བཟོ་སྐྲུན་སྐུལ་སྤེལ་ཚོགས་འདུ་བསྡུས་ཤིང་། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་ཚོགས་འདུ་ལ་ཞུགས་པ་མ་ཟད་གཏམ་བཤད།

ཚོགས་འདུ་ལས་བསྟན་དོན། 2016ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་དུས་རིམ་གཉིས་པའི་འཛུགས་སྐྲུན་བཟོ་སྐྲུན་གྱི་དུས་མགོའི་བྱ་བ་ཏན་ཏིག་གིས་སྤེལ་ཞིང་། ནན་ཏན་གྱིས་གཙོ་ཤུགས་འགན་ཁུར་ལག་བསྟར་དང་ཁྱོན་ཡོངས་ནས་དམིགས་འབེན་འགན་ཁུར་དངོས་འབེབས། ལྟ་སྐུལ་དོ་དམ་བྱ་བའི་དཔྱད་ཞིབ་སྲ་སྒྱུར། ཡང་དག་པའི་སྒོ་ནས་གླེང་ཕྱོགས་ཁྲིད་སྟོན་དམ་འཛིན་བྱེད་པ། ཁྱོན་ཡོངས་ནས་ལོ་གཅིག་གི་དངུལ་གཏོང་དང་འཛུགས་སྐྲུན་འགན་ཁུར་ཡོངས་འགྲུབ་བྱས་ནས་གྲུབ་འབྲས་གསར་བ་བླངས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། 2017ལོ་ནི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་རྒྱུན་མཐུད་སྐུལ་འདེད་གཏོང་བའི་ལོ་གལ་ཆེན་ཞིག་ཡིན་ལ། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་དང་བསྒྱུར་དགོས་པ་བཞིའི་བསམ་ཕྱོགས་གསར་བར་དམིགས་ནས་དཔལ་འབྱོར་ཆུང་བའི་ཞིང་ཆེན་ནས་སྐྱེ་ཁམས་ཆེན་པོའི་ཞིང་ཆེན་དང་། སྐྱེ་ཁམས་སྟོབས་ལྡན་ཞིང་ཆེན་དུ་འགྱུར་བར་འབད་བརྩོན་བྱས་ཏེ་གཙང་གསུམ་འབྱུང་ཡུལ་དེ་མཛེས་སྡུག་མཚོ་སྔོན་གྱི་ལྗང་མདོག་མིང་བྱང་ཞིག་ཏུ་འགྱུར་བར་བྱེད་དགོས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་བྱས་ནས་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས། ཕྱོགས་བསྡུས་དོ་དམ་ལ་ཤུགས་བསྣན་ནས་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས། ཚན་རྩལ་འདེགས་སྐྱོར་ལ་ཤུགས་བསྣན་ནས་སྐྱེ་ཁམས་སྲུང་སྐྱོབ་ལ་ཞབས་ཞུ་བསྒྲུབ་དགོས། སྲིད་གཙང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྒྲིག་ཁྲིམས་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་དགོས། དྲིལ་སྒྲོག་སློབ་གསོ་ལ་ཤུགས་བསྣན་ནས་ཁོར་ཡུག་ལེགས་པོ་འཛུགས་སྐྲུན་བྱེད་དགོས་པ་དང་། གྲུབ་འབྲས་ལེགས་པོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས། དེ་དང་མཉམ་དུ། ད་ལོའི་ལོ་སྟོད་ལ་དུས་རིམ་བར་མའི་དཔྱད་ཞིབ་བྱ་བ་སྤེལ་རྒྱུ་ཡིན་པས། གནད་འགག་དང་ཚན་རིག་དཔྱད་དཔོག་ལ་དམ་འཛིན་བྱས་ནས་གྲུབ་འབྲས་ཡོད་པ་དང་སྔོན་དཔག་དམིགས་ཡུལ་ལ་སླེབས་པར་ཁག་ཐེག་བྱེད་དགོས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གཞུང་སྒྲུབ་ཁང་དང་འབྲེལ་ཡོད་ས་ཁུལ་དང་ལས་ཁུངས་བར་2017ལོའི་ལས་གཞི་ལག་བསྟར་དམིགས་འབེན་འགན་ཁུར་ཡི་གེ་དང་ཏང་སྲོལ་སྲིད་གཙང་འགན་ཁུར་ཡི་གེ་བཀོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།