གཅིག་སྒྲིལ་རྫོང་གིས་བྱེད་ཐབས་བདུན་སྤྱད་ནས་གནས་སྤོར་དབུལ་སྐྱོར་བྱ་བར་རོགས་འདེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནི་དབུལ་ཐར་མཁྲེགས་གཏོར་བྱ་བ་སྒྲུབ་པའི་གནད་འགག་གི་ལོ་ཞིག་ཡིན་ལ། དབུལ་སྐྱོར་བྱ་བའི་བསམ་ཕྱོགས་གསལ་བོར་གཏོང་བ་དང་། དབུལ་སྐྱོར་བྱ་བའི་བྱེད་སྒོ་སྣ་ཚོགས་ལ་སྔ་མོ་ནས་གྲ་སྒྲིག་བྱེད་ཆེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་བྱེད་ཐབས་བདུན་སྤྱད་ནས་གནས་སྤོར་དབུལ་སྐྱོར་བྱ་བའི་རྣམ་པ་གསར་བ་བསྐྲུན།

ད་ལོར། གཅིག་སྒྲིལ་རྫོང་གིས་གནས་སྤོར་དབུལ་སྐྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་འོས་འགན་ཕྲག་སྟེང་དུ་བླངས་ནས། འབྲེལ་ཡོད་འགན་འཁྲིའི་ཡི་གེ་བྲིས་པ་དང་། མཐུན་སྒྲིལ་མཉམ་སྦྲེལ་སྒོས་དབུལ་སྐྱོར་བྱ་བ་སྤེལ་ནས། གནས་སྤོར་དབུལ་སྐྱོར་བྱ་བར་འགན་སྲུང་བརྟན་པོ་བྱས། རྒྱལ་ཁབ་ཀྱི་སྲིད་ཇུས་དང་མཐུན་པའི་རྨང་གཞིའི་འོག་ཏུ། གཅིག་སྒྲིལ་རྫོང་གིས་གནས་བབ་དང་བསྟུན་ཏེ་གནས་སྤོར་ས་གནས་གཅིག་བསྡུས་ཡིན་དགོས་པ་དང་བར་ཐག་ཀྱང་ཡོད་དགོས་པའི་རྩ་དོན་གཞིར་བཟུང་ནས། གནས་སྤོར་ཁྱིམ་ཚང་གི་འདོད་མོས་ལྟར་གནས་སྤོར་བྱེད་ས་བཙལ་ཞིང་། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་པ་དང་མཁར་གྲོང་འཆར་འགོད་དང་འབྲེལ་ཡོད་ཀྱི་ས་ཞིང་བཀོལ་སྤྱོད་བྱེད་པའི་སྲིད་ཇུས་དང་མཐུན་པར་བྱས་ནས། དབུལ་སྐྱོར་གནས་སྤོར་བྱ་བ་རྒྱུན་སྲིང་ངང་འཕེལ་རྒྱས་འགྲོ་བར་ཁག་ཐེག་བྱས།

གཞན་ད་དུང་བཟོ་སྐྲུན་ཨར་ལས་ཀྱི་རྒྱུ་སྤུས་དང་བདེ་འཇགས་སོགས་ཀྱི་འབྲེལ་ཡོད་ཁག་ཐེག་ཡི་གེ་བྲིས་ནས། བཟོ་སྐྲུན་གྱི་རྒྱུ་སྤུས་དང་བདེ་འཇགས་བྱ་བར་ཁག་ཐེག་བྱས། དེང་རབས་ཅན་གྱི་བཟོ་སྐྲུན་བྱེད་ཐབས་སྤྱད་དེ། ལས་གཞི་མྱུར་དུ་འཛུགས་སྐྲུན་བྱས་ནས། ད་ལོའི་འབྲེལ་ཡོད་ལས་གཞི་ལེགས་འགྲུབ་འབྱུང་བར་བརྩོན་ལེན་བྱེད་རྒྱུ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།