མཚོ་སྔོན་གྱི་ཡུལ་ཤུལ་དང་མགོ་ལོག་ཁུལ་གཉིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཁྱབ་ཁོངས་ཁྲོད་བཞག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ལྷན་གྱིས་ཞིང་ཆེན་སྨྱན་སྦྱོར་ལྟེ་གནས་ལ་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་འཕེལ་རིམ་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་ལྟར་ན། ད་ལོར། རྒྱལ་ཁབ་ཀྱིས་རང་ཞིང་གི་ཡུལ་ཤུལ་དང་མགོ་ལོག་ཁུལ་གཉིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཁྱབ་ཁོངས་ཁྲོད་བཞག་པ་རེད།

2016ལོར། རང་ཞིང་གིས་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།མ་དངུལ་གཏོང་ཚད་རྒྱ་བསྐྱེད། མི་ཚོགས་ཁྲོད་ཞིབ་མབཤེར་རྒྱ་ཆེ་རུ་གཏོང་བ།སྨན་བཅོས་རོགས་སྐྱོར་ལ་ཤུགས་སྣོན་པ།ནད་གཞིའི་འབྱུང་རྩ་ནས་འགོག་བཅོས་བྱེད་པ་གཙོར་འཛིན་པ། ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་བྱེད་པ་དང་ལས་དོན་བརྟན་པོའི་ངང་སྤེལ་བ་བཅས་བྱས་ཏེ།ཐུམ་འབུའི་ནད་ཀྱི་འགོག་བཅོས་བྱ་བར་གྲུབ་འབྲས་ཅུང་བཟང་པོ་ཐོབ།ད་ལོར། རྒྱལ་ཁབ་ཀྱིས་བོད་ལྗོངས་རང་སྐྱོང་ལྗོངས་དང་སི་ཁྲོན་བོད་ཁུལ།མཚོ་སྔོན་ཡུལ་ཤུལ།དེ་མིན་མགོ་ལོག་ཁུལ་བཅས་སུ་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་བྱ་བའི་ཚོ་ཆུང་བཙུགས་ཏེ། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་དང་ཞིང་ཆེན་གསུམ་སྲིད་གཞུང་གཙོ་བོའི་འགོ་ཁྲིད་ཀྱིས་ཚོ་ཆུང་ཚོགས་གཙོའི་འགན་འཁུར་བ་མ་ཟད། རང་ཞིང་གི་ཡུལ་ཤུལ་དང་མགོ་ལོག་ཁུལ་གཉིས་ཕྱོགས་བསྡུས་འགོག་བཅོས་ཁྱབ་ཁོངས་ཁྲོད་བཞག ཡུལ་ཤུལ་དང་མགོ་ལོག་སོགས་གནད་ཆེའི་ས་ཁུལ་གྱི་ཐུམ་འབུའི་ནད་འགོག་བཅོས་བྱ་བར་སྔར་བས་ཤུགས་སྣོན་ཆེད།ད་ལོའི་ལོ་མགོར། ཞིང་ཆེན་སྲིད་གཞུང་གིས་རོང་འབྲོག་ཁུལ་གྱི་ཚབས་ཆེའི་འགོས་ནད་དང་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་ཚོགས་ཆུང་གྲོས་ཚོགས་བསྡུས་ཏེ།ཆེད་དུ་ཐུམ་འབུའི་ནད་ཀྱི་འགོག་བཅོས་བྱ་བར་བཀོད་སྒྲིག་བཟང་བོ་བརྒྱབ།ད་ལོར། རང་ཞིང་གིས་ལས་ཀའི་གཙོ་གནད་འབུར་ཐོན་དང་།སྡེ་ཁག་འགན་འཁྲི་དོན་འཁྱོལ།དོན་ཐོག་ཏུ་འཁྱོལ་བ་དང་། ཞིབ་ཕྲ་ལྡན་པ།ཆུང་ས་ནས་ཆེ་ས་དང་གནད་ལ་འཁེལ་བར་བྱེད་པའི་བླང་བྱ་ལྟར། ཡུལ་ཤུལ་དང་མགོ་ལོག་སོགས་གཙོ་གནད་ས་ཆའི་ཐུམ་འབུའི་ནད་འགོག་བཅོས་བྱ་བར་གྲུབ་འབྲས་མངོན་གསལ་བླངས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།