ཚེས9ཉིན་ནས་ཚེས11ཉིན་བར་རང་ཞིང་གི་ས་ཁུལ་མང་ཆེ་བར་ཆར་ཆུ་འབབ་རྒྱུ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གནམ་གཤིས་ཆ་འཕྲིན་ལྟར་ན། མཁའ་དབུགས་གྲང་མོའི་ཤུགས་རྐྱེན་ཐེབས་འོག སྔོན་དཔག་བྱས་པ་ལྟར་ན། ཟླ4བའི་ཚེས9ཉིན་ནས་ཚེས11ཉིན་བར་རང་ཞིང་གི་ས་ཁུལ་མང་ཆེ་བར་ཆར་འབབ་པའམ་ཡང་ན་ཁངས་འབབ་པའི་གནམ་གཤིས་འབྱུང་རྒྱུ་རེད།

ཞིབ་ཕྲའི་སྔོན་དཔག་ལྟར་ན། ཚེས9ཉིན། ཟི་ལིང་དང་མཚོ་ཤར།མཚོ་ནུབ།རྨ་ལྷོའི་བྱང་ཕྱོགས་དང་མཚོ་ལྷོའི་བྱང་ཕྱོགས་བཅས་ལ་ཆར་ཆུང་ཆུང་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན་ལ།མཚོ་བྱང་དང་རྨ་ལྷོའི་ལྷོ་ཕྱོགས།མཚོ་ལྷོའི་ལྷོ་ཕྱོགས་བཅས་ལ་ཁངས་འབྲིང་ཙམ་ནས་ཁངས་ཆེན་འབབ་རྒྱུ་རེད།ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་སྤྲིན་མང་བ་ནས་གནམ་ཐང་རྒྱུ་རེད།ཚེས10ཉིན། མཚོ་ནུབ་ཀྱི་ནུབ་ཕྱོགས་ལ་སྤྲིན་མང་བ་དང་།ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ཆུང་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད།དེའི་ཁྲོད།ལུང་མདོ་དང་གཞོང་ཐང་།གཅན་ཚ་དང་ཡ་རྫི་བཅས་ལ་ཆར་འབྲིང་ཙམ་འབབ་རྒྱུ་རེད།རྟ་ཐང་དང་ཧོར་གྲོང་།རྒྱ་མདོ།དཔའ་ལུང་།སོག་རྫོང་།རྩེ་ཁོག་བཅས་ལ་ཁངས་འབྲིང་ཙམ་ནས་ཁངས་ཆེན་འབབ་རྒྱུ་རེད།ཚེས11ཉིན། ཟི་ལིང་དང་མཚོ་ཤར།ཡུལ་ཤུལ། མགོ་ལོག་བཅས་ལ་ཆར་ཆུང་ཆུང་ནས་ཁངས་ཆར་འདྲེས་མ་འབབ་པ་དང་།ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་སྤྲིན་མང་བ་ནས་གནམ་ཐང་རྒྱུ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།