མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱས་ནས་རོང་འབྲོག་མང་ཚོགས་ཁྲི་གསུམ་ལྷག་ལ་ཕན་ཁེ་སྐྲུན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིས་སྟོང་བཅུ་དྲུག་ལོར།   མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཅིག་ས་ཡ་བརྒྱད་བཏང་ནས་སྡོམ་པས་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱེད་པའི་ལས་འགན་སུམ་ཅུ་ལག་བསྟར་བྱས་པ་དང་དེ་རྫོང་ལྔ་དང་ཞང་གྲོང་ཉེར་བདུན་དང་འབྲེལ་ཡོད་ལ།  ཞིང་འབྲོག་ཁྱིམ་ཚང་སྟོང་བརྒྱད་ལྷག་གི་མི་ཁྲི་གསུམ་དང་སྟོང་གཉིས་ལྷག་ལ་ཕན་ཁེ་བསྐྲུན།     ལས་གཞི་དེ་སྡོད་ཁང་འཛུགས་སྐྲུན་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན།    ཁོར་ཡུག་བཅོས་སྐྱོང་།   སྤྱི་ཐུན་ཞབས་ཞུའི་སྒྲིག་ཆས་དང་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་དང་འབྲེལ་བ་ཡོད།

མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད།   མཚོ་ལྷོ་ཁུལ་གྱིས་རང་བྱུང་ཁོར་ཡུག་དང་གྲོང་སྡེའི་རྣམ་པ།   ཁྱད་ལྡན་ཐོན་ཁུངས་སོགས་ལག་བསྟར་བྱེད་པ་གཞིར་བཟུང་བ་དང་རང་སྟེང་གི་འཕེལ་རྒྱས་དགེ་མཚན་དང་ས་ཁོངས་ཀྱི་མི་རིགས་ཁྱད་ཆོས་བེད་སྤྱོད་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་འཛུགས་སྐྲུན་འཆར་འགོད་སྒྲིག་བཟོ་བྱས།   སྲོལ་རྒྱུན་གྲོང་སྡེ་དང་མི་རིགས་རིག་གནས་ལ་སྲུང་སྐྱོབ་བྱེད་པར་མཐོང་ཆེན་བྱེད་པ་དེ་ཞང་གྲོང་གི་རིག་གནས་དང་སྡེ་བའི་གནས་ཚུལ།   དམངས་སྲོལ་སོགས་ཀྱི་ནང་དོན་དང་ཟུང་འབྲེལ་བྱས་ནས་རྒྱུན་ཆད་མེད་པར་མཛེས་པའི་ཡུལ་གྲོང་གི་འཛུགས་སྐྲུན་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་།  གྲོང་སྡེ་དག་ཐེར་བཅོས་སྐྱོང་བྱེད་པ་དང་།    ལྗང་མདོག་ཅན་དང་དག་གཙང་ཅན།  མཛེས་བཟོ་ཅན་གྱི་བཟོ་སྐྲུན་ལག་བསྟར་བྱས་ནས་སྡེ་བའི་རྣམ་པ་མངོན་གསལ་སྒོས་ཇེ་ལེགས་སུ་བཏང་།

ད་ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྨང་གཞིའི་སྒྲིག་ཆས་མཁར་གྲོང་ཅན་དང་འཚོ་བའི་ཞབས་ཞུ་གཞིས་ཁུལ་ཅན།   འཚོ་བ་སྐྱེལ་སྟངས་གྲོང་ཁྱེར་སྡོད་དམངས་ཅན་གྱི་རྣམ་པ་གསར་བའི་ཞིང་སྡེའི་མཁར་གྲོང་ཅན་གྱི་རྣམ་པ་གཞིར་བཟུང་ནས་མུ་མཐུད་དུ་ཕྱོགས་སོ་སོའི་རྒྱབ་སྐྱོར་དང་རིགས་སོ་སོའི་མ་དངུལ་ལེགས་སྒྲིག་བྱས་ཏེ་ཡང་བསྐྱར་དཔལ་ཡོན་དང་འཆམ་མཐུན།  མཛེས་སྡུག་ལྡན་པའི་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་སུམ་ཅུ་འཛུགས་སྐྲུན་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།