མགོ་ལོག་ཁུལ་གྱིས“འགག་སྒྲོལ་གསར་པ་དྲུག”བརྒྱུད་ནས་མང་ཚོགས་ཀྱི་བདེ་སྐྱིད་སྣང་བ་ཇེ་མཐོར་གཏོང་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་དཀའ་ཚེགས་ཆེ་ཞིང་འགན་ཁུར་ལྕི་བ། ས་གནས་སོ་སོའི་འཕེལ་ཚད་ཆ་སྙོམས་དང་མཐུན་སྦྱོར་མིན་པ། ལེགས་ཆ་དང་ཁྱད་ཆོས་ད་དུང་མངོན་གསལ་མིན་པ་སོགས་ད་ཡོད་གནས་ཚུལ་ལ་དམིགས་ཏེ། ཕྱིད་ཆད་ཀྱི་ལོ་ལྔའི་ནང“འགག་སྒྲོལ་གསར་པ་དྲུག”མངོན་འགྱུར་ཅི་ཐུབ་ཀྱིས་དཀའ་གནད་སེལ་བ་དང་མི་འདང་ས་ཁ་གསབ་བྱེད་པ།དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བའི་ཁྲོད་མང་ཚོགས་ལ་སྔར་ལས་མང་བའི་བདེ་སྐྱིད་སྣང་བ་འཐོབ་ཏུ་བཅུག་ནས་འབྱོར་ཕྱུག་དང་དཔལ་ཡོན།འཆམ་མཐུན།མཛེས་སྡུག་བཅས་ཀྱི་མགོ་ལོག་གསར་པ་འཛུགས་སྐྲུན་ཅི་ཐུབ་བྱེད་རྒྱུ་རེད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་ཐད་འགག་སྒྲོལ་གསར་པ་མངོན་འགྱུར་འབྱུང་བ་དང་ལྗང་མདོག་འཕེལ་རྒྱས་འདུ་ཤེས་སྔར་ལས་སྲ་བརྟན་དུ་གཏོང་བ། རྨ་སྟོད་རྫོང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་གནད་སར་བཞག་སྟེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་ས་ཁུལ་གྱི་སྒྲིག་སྲོལ་ཚོད་ལྟ་བྱེད་པའི་ཐད་གྲུབ་འབྲས་དངོས་བརྩོན་པ་དང་། སྐྱེ་ཁམས་བཅོས་སྐྱོང་འཛུགས་སྐྲུན་ལས་གཞི་ཆེན་པོ་གཏིང་ཟབ་ཏུ་སྤེལ་ཞིང་། སྐྱེ་ཁམས་ཁ་གསབ་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་དར་བའི་དུས་རབས་གསར་པ་དང་འཕྲོད་པའི་སྒྲིག་སྲོལ་དང་ནང་རྐྱེན།ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་དང་འཚོ་བའི་བྱེད་སྟངས་ཐོག་མར་ཆགས་སུ་འཇུག་རྒྱུ།

དཔལ་འབྱོར་འཕེལ་རྒྱས་ཐད་འགག་སྒྲོལ་གསར་པ་མངོན་འགྱུར་འབྱུང་བ་དང་གསར་སྐྲུན་འཕེལ་རྒྱས་ཀྱི་འདུ་ཤེས་སྔར་ལས་གཏན་འཁེལ་གསལ་པོ་བྱ་རྒྱུ། མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་བརྩོན་པ་བརྟན་འཇགས་ངང་ལག་བསྟར་བྱེད་བཞིན་ཡོད་ཅིང་། དཔལ་འབྱོར་གྲུབ་ཚུལ་སྔར་ལས་ཀྱང་ལུགས་དང་མཐུན་ལ་འཕེལ་རྒྱས་ཀྱི་སྤུས་ཀ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་རྒྱུ། མཐོ་སྒང་གི་ཡིད་དུ་འོང་བའི་མཁར་གྲོང་ཕུང་གཅིག་ཅན་དུ་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། དགའ་བདེ་སོགས་རྫོང་སོ་སོའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ནུས་ལྡན་སྒོས་སྤེལ་བཞིན་པའི་སྒང་ཡིན། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ཆེས་ཆེར་ཇེ་མཐོར་སོང་བ་དང་། རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་ལས་རིགས་མྱུར་དུ་འཕེལ་རྒྱས་སུ་གཏོང་རྒྱུ། “མགོ་ལོག”རྟགས་ཅན་གྱི་གྲགས་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་བ་དང་། ཚོང་རའི་འགྲན་རྩོད་ནུས་པ་སྔར་ལས་མངོན་གསལ་གྱིས་ཇེ་དྲག་ཏུ་གཏོང་རྒྱུ།

རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་འགག་སྒྲོལ་གསར་པ་འབྱུང་བ་དང་རྨང་གཞི་གཙིགས་སུ་འཛིན་པའི་འདུ་ཤེས་སྔར་ལས་ཀྱང་གཏན་འཁེལ་གསལ་པོ་བྱེད་པ། རྨང་གཞིའི་སྒྲིག་བཀོད་ཕྱོགས་ཀྱི་མི་འདང་སར་སྔར་ལས་ཁ་གསབ་གང་ལེགས་བྱེད་པ་དང་། ཕྱོགས་བསྡུས་ལངས་གཟུགས་ཅན་གྱི་འགྲིམ་འགྲུལ་མ་ལག་ཕལ་ཆེར་ཆགས་པར་བྱེད་རྒྱུ། ཆུའི་སྐྱེ་ཁམས་ཁོར་ཡུག་འཕེལ་རྒྱས་སུ་གཏོང་བ་གཙོ་བོར་འཇོག་པའི་དུས་མཚུངས་སུ། འོད་ཧྥུ་གློག་འདོན་ས་ཚིགས་ཁུལ་ཡོངས་ཀྱི་ཁེ་ལས16ཞུགས་པའི་གློག་རྡུལ་ཚོང་དོན་རྟེན་གཞི་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ནས་སྐས་རིམ་གསར་པར་འབུད་དུ་འཇུག་པ་དང་། རྨང་གཞིའི་སྒྲིག་བཀོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགལ་རྐྱེན་བཟོས་པའི་གནད་དོན་མེད་པར་བཟོ་བ་དང་། མང་ཚོགས་ཕྱིར་འགྲོ་བ་དང་འཕྲིན་གཏོང་སོགས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ།

སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུའི་ཐད་འགག་སྒྲོལ་གསར་པ་འབྱུང་བ་དང་མཉམ་སྤྱོད་འཕེལ་རྒྱས་ཀྱི་འདུ་ཤེས་སྔར་ལས་གཏན་འཁེལ་གསལ་པོ་བྱེད་པ། དབུལ་ཐར་འགག་སྒྲོལ་ལས་འགན་དང་དམིགས་འབེན་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་ལམ་ལུགས་མ་ལག་ཅིག་སྔར་ལས་འཐུས་ཚང་དུ་གཏོང་བ། རིགས་སོ་སོའི་ཞབས་ཞུའི་འགན་སྲུང་ནུས་པ་མངོན་གསལ་དུ་ཇེ་མཐོར་གཏོང་བ་དང་། གོ་སྐབས་འདྲ་མཉམ་དང་དྲང་གཞག་གིས་འགྲན་རྩོད་བྱེད་པའི་གུ་ཡངས་རང་བཞིན་ལྡན་པའི་འཕེལ་རྒྱས་ཁོར་ཡུག་ཅིག་ཕྱོགས་ཡོངས་ནས་བསྐྲུན་པ། མཁར་གྲོང་གི་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། ཚན་རྩལ། རིག་གནས། ལུས་རྩལ། ཀུན་ཁྱབ་རླུང་འཕྲིན་དང་བརྙན་འཕྲིན་སོགས་སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ་བཅས་ཀྱིས། རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་སྣང་བ་དང་ཐོབ་པའི་སྣང་བ་ཇེ་མཐོར་གཏོང་རྒྱུ།

སྒོ་འབྱེད་མཉམ་འདྲེས་བྱེད་པའི་ཐད་འགག་སྒྲོལ་གསར་པ་འབྱུང་བ་དང་སྒོ་འབྱེད་འཕེལ་རྒྱས་ཀྱི་འདུ་ཤེས་སྔར་ལས་གཏན་འཁེལ་གསལ་པོ་བྱེད་པ། འཕེལ་རྒྱས་འདུ་ཤེས་རྒྱུན་ཆད་མེད་པར་བསྒྱུར་ཏེ། ཁྱབ་ཁོངས་སོ་སོའི་བཅོས་བསྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བཞིན་ཡོད་ཅིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་དང་ནང་རྐྱེན་བསྟུད་མར་མེད་པར་བཟོ་རྒྱུ། “རྒྱུད་གཅིག་ལམ་གཅིག”གིས་བསྩལ་པའི་འཐབ་ཇུས་རང་བཞིན་ལྡན་པའི་ལོ་རྒྱུས་ཀྱི་གོ་སྐབས་ལ་ཚོད་འཛིན་བྱེད་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་དང་། མགོ་ལོག་གིས་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་ཕྱིར་སྒོ་འབྱེད་པའི་ཁྱོན་ཡོངས་སུ་ཚུད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཞིང་ཆེན་ཕྱི་ནང་གི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། མི་སྣ་བཅས་ཀྱི་བརྗེ་རེས་བྱེད་ཚད་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་གཏོང་བ་དང་། ཁ་གཏད་རོགས་སྐྱོར་བྱ་བ་དང་བདེ་འཇགས་དར་སྤེལ་འཛུགས་སྐྲུན་ཐད་སྔར་ལས་ཆེ་བའི་འཕེལ་རྒྱས་ཡོང་བར་བྱེད་རྒྱུ།

དམངས་གཙོ་ཁྲིམས་སྐྱོང་ཐད་འགག་སྒྲོལ་གསར་པ་འབྱུང་བ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་སྔར་ལས་གཏན་འཁེལ་གསལ་པོ་བྱེད་པ། ཁྲིམས་ལྟར་ཁུལ་སྐྱོང་བའི་གནད་དོན་ཆེན་པོར་ཐག་གཅོད་ནུས་ལྡན་བྱེད་པ་དང་། “པད་མའི་ཉམས་མྱོང”གི་དཔེ་གཞི་ལེགས་ཤོས་བསྐྲུན་ཞིང་གཏིང་ཟབ་ཀྱིས་ཁྱབ་གདལ་དུ་གཏོང་བཞིན་ཡོད། སྤྱི་ཚོགས་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་གསར་སྐྲུན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་སྐྲུན་པའི་ཐད་གྲུབ་འབྲས་མངོན་གསལ་ཐོབ་པར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཤུགས་ཆེན་པོས་དར་སྤེལ་དུ་གཏོང་བ་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ཀྱིས། སྤྱི་དམངས་ཀྱི་བསམ་བློའི་ཀུན་སྤྱོད་བྱང་ཚད་དང་སྤྱི་ཚོགས་དཔལ་ཡོན་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་གཏོང་རྒྱུ་རེད།    །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།