མགོ་མང་གྲོང་རྡལ་གྱི་ཁོར་སྲུང་དང་བླངས་པ།

       

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོགས་པའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱིས་བློ་མཐུན་ཞི་ཅན་ཕེན་གྱིས་ཏན་ཏན་ཏིག་ཏིག་བཞིའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་བཏོན་པའི་བསྒྱུར་བཀོད་བཞིའི་བསམ་ཕྱོགས་དོན་འཁྱོལ་ཡོང་བར། གོམ་གང་མདུན་སྤོས་སྒོས་སྡེ་ཁུལ་དང་གཞུང་ལམ།  དགོན་པ་བཅས་ཀྱི་ཁོར་ཡུག་ལེགས་བཅོས་བྱེད་ཆེད། སྡེ་བ་དང་དགོན་སྡེ། གཞུང་ལམ་རྒྱུད་ཀྱི་ཁོར་ཡུག་གཙང་སྦྲའི་བྱ་འགུལ་སྤེལ།

སྤྱི་ཟླ་3པའི་ཚེས4ཉིན་མང་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱི་ཏང་ཨུས་བཀོད་སྒྲིག་ལྟར།  མཐུན་ཚོགས་ཀྱི་འགན་འཛིན་པ་ཡོངས་དང་སྨར་ཁམས་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྣེ་ཁྲིད་དེ།    སྨར་ཁམས་ཚན་ཆུང་གི་ཚོགས་མི146གིས་གཙོས་ཁྱོན་མི་གྲངས160ལྷག་གིས་སྡེ་བའི་ས་ཁུལ་བདུན་དང་སྨར་ཁམས་དགོན་ཚོགས་གཉིས་འཕེལ་རྒྱས་གླིང་གི་ཉེ་འཁོར་གྱི་གད་སྙིགས་འཐུ་ཆེད།   སྔ་དྲོའི་ཆུ་ཚོད་བཅུ་ཙམ་ནས་ཕྱི་དྲོའི་ཆུ་ཚོད་ལྔ་བའི་བར་ལ་ལུས་ཀྱི་ངལ་དུབ་དང་ཕོ་བའི་ལྟོགས་སྐོམ་ལ་མ་འཛེམས་པར།   ག་ས་གང་དུ་ཁྱབ་པའི་གད་སྙིགས་དག་བཏུས་ནས།   ལྷག་བསམ་རྣམ་དག་གིས་ཕ་ཡུལ་གྱི་ཁོར་ཡུག་ལེགས་བསྒྱུར་གྱི་ཕྱོགས་ལ་ཚོགས་མི་རེ་རེ་ནས་འབད་པ་ལྷུར་ལེན་བྱེད་བཞིན་ཡོད་པས།  ཡུལ་འདིའི་ཁོར་ཡུག་གཙང་སྦྲའི་རྣམ་པ་སྔར་ལས་ལྷག་པའི་ཇེ་ལེགས་ལ་འགྲོ་བཞིན་ཡོད།    མཐར་ཉིན་གང་བོར་བཏུས་པའི་གད་སྙིགས་རླངས་འཁོར་ཆེ་ཆུང་དགུ་ཙམ་སྡེ་བའི་གད་སྙིགས་ར་བ་དང་མགོ་མང་གད་སྙིགས་ར་བར་བྱོ་ནས་མེད་པར་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།