2016ལོའི་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་དམིགས་འབེན་འགན་འཁྲི་དང་གྲུབ་འབྲས་དཔྱད་ཞིབ་བྱ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་གཉིས་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་ལོ་ཧྲིལ་བོའི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་གྲོས་ཚོགས་བསྡུས་ནས། 2016ལོའི་ཞིང་ཆེན་ཡོངས་ཀྱི་དམིགས་འབེན་འགན་འཁྲི་དང་གྲུབ་འབྲས་དཔྱད་ཞིབ་བྱ་བར་བཀོད་སྒྲིག་བྱས་པ་མ་ཟད། དཔྱད་ཞིབ་བྱ་བའི་ཁྲོད་ཞུགས་པའི་ལས་བྱེད་པ་བརྒྱ་དང་ང་བརྒྱད་ལ་གསོ་སྦྱོང་བྱས།

ཚོགས་ཐོག་ནས་བསྟན་དོན། 2016ལོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུས་བཏོན་པའི་གཅིག་གསུམ་གཅིག་གི་སྤྱིའི་རེ་བར་དམ་དུ་དམིགས་པ་དང་། ལོ་མགོར་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་གཞིར་བཟུང་ནས། རང་འགུལ་སྒོས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་དང་མཐུན་པར་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་བརྩོན་ལེན་བྱེད་པ། དཀའ་ངལ་ཁྱད་སེལ་སྒོས་གསར་གཏོད་བྱས་པས། དམིགས་འབེན་གཙོ་བོའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མགོ་བཟང་བོ་ཞིག་བརྩམས་ཟེར།

ཚོགས་ཐོག་ནས། དཔྱད་ཞིབ་བྱ་བའི་ཐད་ནས་གཙོ་གནད་དམ་འཛིན་བྱེད་པ་དང་། དཔྱད་ཞིབ་ཀྱི་ནང་དོན་དང་བརྒྱུད་རིམ། བྱེད་ཐབས་ཁོང་དུ་ཆུད་པར་བྱས་ནས། གནས་ཚུལ་གསལ་བོ་ཡིན་པ་དང་བྱེད་ཐབས་ཡང་དག་ཡིན་པར་བྱེད་དགོས། དཔྱད་ཞིབ་ཇུས་གཞིའི་གཏན་ཁེལ་ལྟར། གཅིག་གྱུར་སྒོས་དམིགས་འབེན་འགན་འཁྲི་དཔྱད་ཞིབ་དང་གྲུབ་འབྲས་དཔྱད་ཞིབ། མགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་སྤེལ་ནས། རིམ་པ་སོ་སོའི་དཔྱད་ཞིབ་བརྟན་བརླིང་ངང་སྤེལ་བ་དང་གོ་རིམ་ལྡན་པའི་སྒོ་ནས་སྦྲེལ་མཐུད་བྱེད་པར་ཁག་ཐེག་བྱེད་དགོས། དཀའ་གནད་ཐག་གཅོད་བྱེད་པ་དང་། གྲུབ་འབྲས་ལ་དཔྱད་ཞིབ་བཟང་བོ་བྱེད་པ། བྱ་བའི་ཁྲོད་ཀྱི་གནད་དོན་འཚོལ་བ་དང་ཐག་བཅད་དེ། གྲུབ་འབྲས་ལ་ཁས་ལེན་དང་གནད་དོན་རྙེད་པ། བྱ་བར་ལེགས་བཅོས་བྱེད་པའི་དམིགས་ཡུལ་མངོན་འགྱུར་བྱེད་དགོས། ཁྱབ་གདལ་དུ་བཏང་ཆོག་པ་དང་ཡང་དང་བསྐྱར་དུ་བཀོལ་སྤྱོད་བྱེད་ཆོག་པའི་བྱ་བའི་ཁྱད་ཆོས་འཚོལ་བ་དང་། ཞིང་ཆེན་ཡོངས་ཀྱི་མིག་དཔེ་དང་དཔེ་མཚོན་དུ་བྱས་ཏེ། ས་ཆ་སོ་སོ་དང་སྡེ་ཁག་སོ་སོའི་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་བསྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཚད་གཞི་རྒྱུན་འཁྱོངས་བྱས་ནས་གཏན་ཁེལ་ལྟར་དཔྱད་ཞིབ་ནན་མོ་བྱེད་པ་དང་གདེང་འཇོག་བཟང་བོ་བྱེད་པ། གྲུབ་འབྲས་འུད་སྒྲོག་མི་བྱེད་པ་དང་། གནད་དོན་སྦ་གསང་མི་བྱེད་པར་དཔྱད་ཞིབ་ཀྱི་ཚན་རིག་རང་བཞིན་དང་དྲང་བདེན་རང་བཞིན་མཐོར་འདེགས་བྱས་ཏེ། དཔྱད་ཞིབ་བྱེད་ཡུལ་དང་མང་ཚོགས་ཀྱིས་ཁས་ལེན་ཐོབ་པར་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། གཞི་རིམ་གྱི་རྒྱ་ཆེའི་མང་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔྱད་ཞིབ་བྱ་བའི་ཐད་ཀྱི་འཛུགས་སྐྲུན་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་གང་ལེགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དམིགས་འབེན་འགན་འཁྲི་དང་གྲུབ་འབྲས་དཔྱད་ཞིབ་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བའི་ཐད་དཔྱད་གཞི་གསར་བ་དང་གཞི་འཛིན་ས་གསར་བ་འཚོལ་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དཔྱད་ཞིབ་བྱ་བའི་ཐད་ནས་སྒྲིག་ལམ་དམ་པོ་བྱེད་པ་དང་དྭངས་གཙང་རང་གཅུན་རྒྱུན་འཁྱོངས་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྤྱོད་ཚུལ་བསྒྱུར་བའི་ཐད་ཀྱི་འབྲེལ་ཡོད་གཏན་ཁེལ་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཁེངས་སྐྱུང་གཟབ་ནན་བྱེད་པ། བྱ་བ་བརྟན་བརླིང་སྒོས་སྤེལ་བ། ཚད་གཞི་མཐོན་པོ་དང་རྒྱུ་སྤུས་བཟང་བོའི་སྒོ་ནས་ཐེངས་འདིའི་དཔྱད་ཞིབ་ལས་འགན་ཡོངས་འགྲུབ་བྱས་ཏེ། འགུལ་སྐྱོད་དངོས་ལ་བརྟེན་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཔྱད་ཞིབ་ཚན་ཆུང་ལ་ཡིད་རྟོན་དང་རྒྱབ་སྐྱོར་བྱེད་པར་བརྩོན་ལེན་བྱེད་དགོས་ཟེར། ། 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།