མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་གྲོས་ཚོགས་བསྡུས་པ་དང་ཝང་ཅན་ཅོན་གྱིས་མགོ་འཛིན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོནཔ། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་གྲོས་ཚོགས་བསྡུས་ནས། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་། སྐབས་བཅུ་གཉིས་པའི་ཞིང་ཆེན་ཏང་ཨུའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་བཞི་བ་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས།  

ཝང་ཅན་ཅོན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྟེང་གི་གསུང་བཤད་གལ་ཆེན་ནི་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བསམ་བློའི་མཚོན་ཆ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་ཟེར། ཁོས་སློབ་སྦྱོང་ལ་གཙིགས་འཛིན་བྱེད་པ་དང་། བསམ་བློ་གཅིག་གྱུར་བྱས་ནས་ངོས་འཛིན་མཐོར་འདེགས་སུ་གཏོང་དགོས་ལ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཕྱོགས་སོ་སོའི་ཐད་ལག་ལེན་མཐར་ཕྱིན་བྱེད་དགོས། མཚོ་སྔོན་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་སོ་སོ་དང་སྲིང་གཞུང་ཁོངས་གཏོགས་ཀྱི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཚད་གཞི་དང་སྲོལ་ཡིག་ཚད་ཐིག་ཏུ་བཟུང་སྟེ། ཆབ་སྲིད་སྐྱོང་བ་དང་། ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པ། སྒྲིག་ཁྲིམས་བརྩི་སྲུང་བྱེད་པ་བཅས་བྱས་ནས། ཏང་ལ་བློ་དཀར་བ་དང་ཏང་གི་ལས་དོན་ལ་དགའ་ཞེན་ཆེ་བ། དུས་ནམ་ཡང་ལྟ་སྐུལ་དང་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝང་ཅན་ཅོན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཀྲུང་དབྱང་དཔལ་འབྱོར་ནོར་སྲིད་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་བཞི་བའི་སྟེང་གི་གསུང་བཤད་གལ་ཆེན་ལས་མི་དམངས་ཀྱི་ལངས་ཕྱོགས་མངོན་པར་མཚོན་པ་དང་། དམངས་ཚིས་ཀྱི་བརྩེ་སེམས་ཟབ་མོ་བཅངས་པས། ང་ཚོས་དམངས་ཚིས་བྱ་བ་སྔར་ལས་བཟང་བོར་སྒྲུབ་པར་ལག་ལེན་གྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད་ཟེར། ཁོས་ཀྲུང་དབྱང་གི་རེ་བ་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། བྱེད་ཕྱོགས་དམ་པོར་འཛིན་པ་དང་དོན་དངོས་ལ་མཐོང་ཆེན་བྱེད་པ་གཉིས་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་། ཁྱབ་ཆེ་བའི་གནད་དོན་དང་དམིགས་བསལ་གྱི་གནད་དོན་གཉིས་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ། དམངས་ཚིས་ཐད་ཀྱི་མང་ཚོགས་ཀྱིས་རེ་སྒུག་བྱས་པའི་གནད་དོན་ཐག་གཅོད་བཟང་བོ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་མི་སྣ་ཀྲང་ཀོང་རོང་དང་ཡན་ཅིན་ཧེ། ཁྲིན་ལིས་ཧྭ། ཀའོ་ཧྭ། ཧན་ཅན་ཧྭ། ཝང་ལིས་མེན། དབྱང་ཧྥུན་ཁྲུན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན་བཅས་གྲོས་ཚོགས་སུ་ཞུགས།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།