མཚོ་སྔོན་གྱི་བོད་རང་སྐྱོང་ཁུལ་དྲུག་གི་ཞིང་སྡེའི་སྡོད་དམངས་འཛད་སྤྱོད་འགྲོ་སོང་བརྟན་འཇགས་ངང་འཕར་སྣོན་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་ཉེ་ལམ་ཁྱབ་བསྒྲགས་བྱས་པའི། གྲོང་ཁྱེར་དང་རྫོང་ཁ་ཤས་ཀྱི་སྡོད་ཁྱིམ་ལ་བསལ་འདེམས་བརྟག་དཔྱད་བྱས་པའི་མཇུག་འབྲས་ལྟར་ན། ཉིས་སྟོང་བཅུ་དྲུག་ལོར་མཚོ་སྔོན་མངའ་ཁོངས་ཀྱི་བོད་རང་སྐྱོང་ཁུལ་དྲུག་གི་ཞིང་སྡེ་སྡོད་དམངས་ཀྱི་ཆ་སྙོམས་འཛད་སྤྱོད་འགྲོ་སོང་སྒོར་སྟོང་བདུན་བརྒྱ་དང་རེ་ལྔར་སོན་པ་དང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་བཅུ་འཕར་ཡོད།

འཛད་སྤྱོད་ཀྱི་སྒྲིག་གཞིའི་ངོས་ནས་བལྟས་ན། འཛད་སྤྱོད་ཆེན་མོ་བརྒྱད་ལས་རིགས་བདུན་འཕར་སྣོན་དང་རིགས་གཅིག་མར་འགྲིབ་བྱུང་ཡོད། དེའི་ཁྲོད་དུ། ཟས་རིགས་དང་དུད་ཆང་འཛད་སྤྱོད་བྱས་རིན་ཆ་སྙོམས་སྒོར་སྟོང་གཉིས་དང་བརྒྱད་བརྒྱ་ཞེ་གཅིག་ཡིན་པ་དང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་བདུན་དང་གྲངས་ཆུང་བརྒྱད་འཕར་ཡོད། གྱོན་ཆས་འཛད་སྤྱོད་བྱས་རིན་ཆ་སྙོམས་སྒོར་དྲུག་བརྒྱ་དོན་བརྒྱད་ཡིན་པ་དང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་གཅིག་འཕར། འཚོ་བའི་མཁོ་ཆས་དང་ཞབས་ཞུའི་འཛད་སྤྱོད་རིན་གོང་ཆ་སྙོམས་སྒོར་བཞི་བརྒྱ་སོ་གཅིག་ཡིན་པ་དང་། དེའང་ལོ་སྔོན་མ་ལས་བརྒྱ་ཆའི་བཅུ་བདུན་དང་གྲངས་ཆུང་བཞི་འཕར། འགྲིམ་འགྲུལ་འཕྲིན་གཏོང་འཛད་སྤྱོད་བྱས་རིན་ཆ་སྙོམས་སྒོར་སྟོང་གཅིག་བརྒྱ་དང་དགུ་ཡིན་པ་དང་། དེའང་ལོ་སྔོན་མ་ལས་བརྒྱ་ཆའི་བཅུ་བདུན་དང་གྲངས་ཆུང་ལྔ་འཕར། སློབ་གསོ་རིག་གནས་རོལ་རྩེད་འཛད་སྤྱོད་བྱས་རིན་ཆ་སྙོམས་སྒོར་བཞི་བརྒྱ་ཉེར་གཉིས་ཡིན་པ་དང་། དེའང་ལོ་སྔོན་མ་ལས་བརྒྱ་ཆའི་ཉེར་གསུམ་འཕར། སྨན་བཅོས་འགན་སྲུང་དང་བདེ་ཐང་ཐད་འཛད་སྤྱོད་བྱས་རིན་ཆ་སྙོམས་སྒོར་ལྔ་བརྒྱ་དོན་དྲུག་ཡིན་པ་དང་། དེའང་ལོ་སྔོན་མ་ལས་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་དྲག་འཕར། དེ་མིན་གཞན་པའི་མཁོ་ཆས་དང་ཞབས་ཞུ་འཛད་སྤྱོད་བྱས་རིན་ཆ་སྙོམས་སྒོར་བརྒྱ་དང་དྲུག་ཅུ་ཡིན་པ་དང་། དེའང་ལོ་སྔོན་མ་ལས་བརྒྱ་ཆའི་ཉེར་གསུམ་དང་གྲངས་ཆུང་བདུན་འཕར། གཞིས་ཆགས་འཛད་སྤྱོད་བྱས་རིན་ཆ་སྙོམས་སྒོར་དགུ་བརྒྱ་ཞེ་དྲུག་ཡིན་པ་དང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་ཐིག་དང་གྲངས་ཆུང་ལྔ་ཡིས་ཇེ་དམའ་རུ་སོང་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།