དམངས་འཐུས་གསར་འགྱུར་ཁྱབ་སྒྲོག་ལས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐོར།

f496ea62e8ddb4c7652d0909922ce807.jpg

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི་དང་ཅུས་ཀྲང་ལིས་ཞའོ་ནན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི་དང་ཅུས་ཀྲང་ལིས་ཞའོ་ནན་གྱིས་ནན་ནན་ཏིག་ཏིག་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་གནས་སྐུལ་འདེད་གཏོང་བ་དང་། ཧུར་ཐག་གིས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ཅན་དུ་གཏོང་བའི་ཐད་ཀྱི་བྱ་བ་གནས་ཚུལ་གླེང་། ཁོང་གིས་འདས་པའི་ལོ་གཅིག་རིང་བསྒྲུབས་པའི་བྱ་བ་ཐོད་བརྒལ་གྱི་ཕྱོགས་བདུན་དུ་བགྲངས་བ་ནི།

གཅིག། འབྲུག་དགུས་ཆར་འབེབ་པའི་སྣང་ཚུལ་གཏོར་ནས་སྲིད་འཛིན་དོ་དམ་གྱི་ལམ་ལུགས་གསར་བ་བཙུགས་པ།

གཉིས། སྤྱི་ཡོངས་ནས་སྲུང་སྐྱོབ་བྱེད་པ་གཙོ་བོར་བཟུང་སྟེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ལམ་ལུགས་གསར་བ་འཐུས་ཚང་དུ་བཏང་བ།

གསུམ། གནད་ཁེལ་དབུལ་སྐྱོར་དང་མཉམ་འབྲེལ་གྱིས་སྐྱེ་ཁམས་དོ་དམ་དང་སྲུང་སྐྱོབ་ཀྱི་རྣམ་པ་གསར་བ་གསར་གཏོད་བྱས་པ།

བཞི། སྲུང་སྐྱོབ་ཀྱི་བརྗོད་གཞི་གཙོ་བོ་འབུར་དུ་བཏོན་ནས་འཆར་འགོད་ཀྱི་སྲིད་ཇུས་མ་ལག་གསར་བ་བཟོས་པ།

ལྔ། འཆམ་མཐུན་མཉམ་གནས་བྱེད་པ་སྐུལ་སྤེལ་བྱས་ནས་སྤྱི་དམངས་ཡོངས་ནང་དུ་ཞུགས་པའི་ལམ་བུ་གསར་བ་འཚོལ་སྙེག་བྱས་པ།

དྲུག ། ཆེད་དམིགས་ཀྱི་མ་དངུལ་གཅིག་བསྡུ་བྱས་ནས་མ་དངུལ་ཁག་ཐེག་གི་ཐབས་ཇུས་གསར་བ་ལག་བསྟར་བྱས་པ།

བདུན། ཚན་རིག་ཞིབ་འཇུག་གིས་འདེགས་སྐྱོར་བྱེད་པ་ཇེ་དྲག་ཏུ་བཏང་ནས་འཇོན་མི་སྐྱེད་བསྲིང་གི་ལམ་གསར་བ་གསར་གཏོད་བྱས་པ་བཅས་ཡིན་ལ། དེ་དང་འབྲེལ་ནས་ཁོང་གིས2017ལོར་གཙོ་བོ་ཕྱོགས་བཅུ་གཅིག་གི་ཐད་ནས་ལེགས་བསྒྲུབ་བྱས་ཏེ་ཕྱོགས་ཡོངས་ནས་ལོ་གཉིས་ནང་ཚོད་ལྟའི་གནས་ལེགས་གྲུབ་འབྱུང་བའི་འགན་ཁུར་གྱི་དམིགས་འབེན་མངོན་འགྱུར་ཡོང་བའི་གནད་གླེང་བ་བཅུ་གཅིག་ནི།

གཅིག ། འཆར་འགོད་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ་སྤྱིའི་འཆར་འགོད་ཀྱི་མ་ལག་འགྲུབ་པར་བྱེད་པ།

གཉིས། ཁྲིམས་སྐྱོང་གིས་འགན་ལེན་བྱེད་པ་རྒྱུན་འཁྱོངས་བྱས་ནས་ཚན་རིག་གི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ།

གསུམ། སྒོ་ཕྱེའི་སྤྱི་གླིང་བསྐྲུན་པ་རྒྱུན་འཁྱོངས་བྱས་ནས་རྒྱལ་སྤྱི་དང་མཐུན་སྦྱོར་ཡོང་བའི་ཚད་ལྡན་གྱི་མ་ལག་བཟོ་བ།

བཞི། ལས་གཞི་ཇེ་ལེགས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ནས་ལས་གཞི་འཛུགས་སྐྲུན་མ་ལག་འགྲུབ་པར་བྱེད་པ།

ལྔ། སྤྱི་ཚོགས་ཡོངས་ནང་དུ་ཞུགས་པ་རྒྱུན་འཁྱོངས་བྱས་ནས་ཕྱོགས་སྣ་མང་ནང་དུ་ཞུགས་པའི་མ་ལག་བསྐྲུན་པ།

དྲུག ། དོ་དམ་ཕུལ་བྱུང་དུ་བྱེད་པ་རྒྱུན་འཁྱོངས་བྱས་ནས་སྒྲིག་གཞི་འཁོར་སྐྱོད་མ་ལག་འཐུས་ཚང་དུ་གཏོང་བ།

བདུན། འཇོན་མི་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ནས་མི་ཤུགས་ཐོན་ཁུངས་མ་ལག་འཐུས་ཚང་དུ་གཏོང་བ།

བརྒྱད། ཚན་རིག་གིས་སྤྱི་གླིང་འཛུགས་པ་རྒྱུན་འཁྱོངས་བྱས་ནས་ཚན་རྩལ་གྱིས་མ་ལག་འདེགས་སྐྱོར་བྱེད་པ་འཛུགས་པ།

དགུ ། གྲངས་རིག་གིས་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱས་ནས་ཚོད་ཞིབ་དཔྱད་འཇོག་གི་དཔྱད་ཞིབ་མ་ལག་འཐུས་ཚང་དུ་གཏོང་བ།

བཅུ། རྨང་གཞི་བརྟན་པོར་བྱེད་པ་རྒྱུན་འཁྱོངས་བྱས་ནས་རང་བྱུང་ཐོན་ཁུངས་གཅིག་གྱུར་གྱིས་དོ་དམ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ།

བཅུ་གཅིག ། ཚན་རིག་རང་བཞིན་གྱིས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ནས་ནན་མོའི་སྒོས་སྲུང་སྐྱོབ་བྱེད་ཁོངས་ཀྱི་སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ཀྱི་མ་ལག་བསྐྲུན་པ་བཅས་སོ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།