མགོ་ལོག་ཁུལ་གྱི་བོད་རིགས་སློབ་ཆེན་སློབ་མ120ཡིས་ཧྲང་ཧེ་གྲོང་ཁྱེར་ནས་ལས་ཞུགས་ཀྱི་དངོས་སྦྱོང་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་བོད་རིགས་སློབ་ཆེན་སློབ་མ120ལ་ཧྲང་ཧེ་གྲོང་ཁྱེར་ཁེ་ལས་ཆུང་འབྲིང་གི་ཤེས་ལྡན་མི་སྣ་ནང་འདྲེན་ཞབས་ཞུའི་ལྟེ་གནས་ཀྱི་རོགས་སྐྱོར་འོག ཉེ་ཆར་ཧྲང་ཧེ་གྲོང་ཁྱེར་དུ་གཟའ་འཁོར་གཅིག་རིང་ལས་ཞུགས་དངོས་སྦྱོང་ལ་ཞུགས།

  ངོ་སྤྲོད་བྱས་པར་གཞིགས་ན།ཐེངས་འདིའི་བྱེད་སྒོ་ནི་མགོ་ལོག་ཁུལ་གྱིས་ཉེ་བའི་ལོ་བཞིའི་རིང་ལས་ཞུགས་མ་ཐུབ་པའི་སློབ་ཆེན་སློབ་མར་ཕྱི་ཕྱོགས་ལྟ་སྦྱོང་ལས་དོན་སྤེལ་ཐེངས་དང་པོ་ཡིན་ལ།2011ལོར་མགོ་ལོག་ཁུལ་གྱིས་བོད་ཁུལ་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ནུས་པ་མཐོ་རུ་གཏོང་བའི་འཆར་འགོད་ལག་བསྟར་བྱས་པའི་ཚུན་ལ།བདམས་ཐོན་བྱུང་བའི་མཐོ་རིམ་མཐར་ཕྱིན་སློབ་མའི་མི་གྲངས་ཆེས་མང་བ་དང་།དམིགས་འབེན་རང་བཞིན་ཆེས་དྲག་པའི་བྱེད་སྒོ་ཞིག་རེད།

  བྱེད་སྒོའི་ཁྲོད།མཐོ་རིམ་མཐར་ཕྱིན་སློབ་མ120ཡིས་སྔ་རྗེས་སུ་རོགས་སྐྱོར་ཕྱོགས་ཀྱིས་བཀོད་སྒྲིག་བྱས་པའི་ཟོག་སྐྱེལ་ལས་གནས་ནས་དངོས་སྦྱོང་བྱས་ཤིང་།ཧྲང་ཧེ་མ་རྐང་བདག་དབང་ཉོ་འཚོང་ལྟེ་གནས་དང་།ཀྲུང་གོའི་ཧྲང་ཧེ་ལས་གཏོད་པའི་སྤྱི་གཞུང་སྦྱོང་བརྡར་རྟེན་གཞི་སོགས་ལ་ལྟ་སྐོར་བྱས།སློབ་མ་རྣམས་ཀྱིས་བཤད་རྒྱུར།ཐེངས་འདིའི་བྱེད་སྒོ་དུས་ཡུན་ཐུང་ནའང་།ང་ཚོའི་མཐོང་རྒྱ་ཡངས་པར་བཏོད་ལ།ཤེས་ཡོན་འཕེལ་བ།འདུ་ཤེས་གསར་བསྒྱུར་དང་ངོས་འཛིན་ཟབ་ཏུ་ཕྱིན་པ་མ་ཟད།འབྱུང་འགྱུར་གྱི་ལས་གཏོད་ལས་ཞུགས་ལ་རོགས་རམ་ཆེན་པོ་ཐོབ་ཟེར།

  མདོ་དབུས་མཐོ་སྒང་གི་ཆེས་མཐོ་སར་གནས་པའི་མགོ་ལོག་ཁུལ་ལ་མཚོན་ན། ས་བབ་མཐོ་ཞིང་། གསོ་རླུང་འདུས་ཚད་དམའ་བ་བཅས་ཀྱི་དབང་གིས་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པར་དཀའ་ཁག་ཆེན་པོ་ཡོད་པ་མ་ཟད།ས་གནས་ཤེས་ལྡན་མི་སྣ་ཅུང་དཀོན།དེ་བས་འདིའི་རིགས་ཀྱི་བྱེད་སྒོ་སྤེལ་ཏེ།ས་གནས་མཐོ་རིམ་སློབ་ཆེན་པའི་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་བའི་རྨང་གཞིའི་སྟེང་།ས་གནས་ཤེས་ལྡན་པ་གྲབ་གསོག་བྱེད་ཚད་སྔར་བས་ཆེ་རུ་བཏང་།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།