མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་གྲོས་གླེང་སྟེགས་སྐབས་བཅུ་བཞི་བ་གཉེར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་12པའི་ཚེས་13ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་གྲོས་གླེང་སྟེགས་སྐབས་བཅུ་བཞི་བ་བསྡུས་པ་དང་། འཆད་ཁྲིད་སྐབས་སུ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཟུར་པ་དོན་གྲུབ་དབང་འབུམ་གདན་ཞུ་བྱས་ཏེ། ཀྲུང་ཧྭ་རིག་གནས་ལ་ཁས་ལེན་བྱེད་པ་དང་རིག་གནས་ཡིད་ཆེས་ལ་དམིགས་ནས་ཆེད་དོན་འཆད་ཁྲིད་སྤེལ་བ་རེད།

  མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཆིན། རིན་ཆེན་རྣམ་རྒྱལ། ལིས་ཞོན་ཧྲིན། ཟི་ལིང་དུ་ཡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་སྐོར་ཞིག དམངས་གཙོ་ཏང་ཁག་སོ་སོའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཟི་ལིང་གྲོང་ཁྱེར་སྲིད་གྲོས་ཀྱི་ལས་བྱེད་པ་སྐོར་ཞིག ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་བཅས་ཀྱིས་འཆད་ཁྲིད་ལ་ཉན་པ་རེད།

  འཆད་ཁྲིད་བརྒྱུད་དེ། ཚང་མའི་མིག་རྒྱ་བསྐྱེད་པ་དང་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། ཀྲུང་ཧྭ་རིག་གནས་ནི་རྒྱ་ཆེ་ཞིང་གཏིང་ཟབ་པའི་ངོས་ཟིན་སྐྱེས་སུ་བཅུག འཆད་ཁྲིད་ལ་ཉན་རྗེས། ཚང་མས་སྐབས་འདིའི་འཆད་ཁྲིད་ཀྱིས་ང་ཚོར་རིག་གནས་ཁས་ལེན་དང་རིག་གནས་ཡིད་ཆེས་ནི་རིག་གནས་འཛུགས་སྐྲུན་ཁྲོད་ཀྱི་བརྗོད་གཞི་གཙོ་བོ་གཉིས་ཡིན་པར་རྒྱུས་ལོན་གཏིང་ཟབ་བྱེད་དུ་བཅུག་པ་དང་། རིག་གནས་ཁས་ལེན་དང་རིག་གནས་ཡིད་ཆེས་ཀྱི་འབྲེལ་བར་རྒྱུས་ལོན་གསལ་བོ་བྱེད་པ་དང་། རྒྱུན་མ་ཆད་པར་རིག་གནས་ཁས་ལེན་ཇེ་མཐོར་གཏོང་བ་དང་རིག་གནས་ཡིད་ཆེས་ཇེ་བརྟན་དུ་བཏང་ན། ང་ཚོས་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་བཅོས་སྐྱོང་དང་སྲིད་འཛིན་པའི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བར་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། མུ་མཐུད་དུ་ཡིད་ཆེས་བཞིའི་རྒྱུས་ལོན་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་པ་རེད།  །



རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།