མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་སྐྱེ་ཁམས་ཞིང་ཕྱུགས་ལས་ཕྱོགས་བསྡུས་འཕེལ་རྒྱས་འཛུགས་སྐྲུན་ཇུས་གཞིའི་བགྲོ་གླེང་ཚོགས་འདུ་རྒྱལ་ས་པེ་ཅིན་ནས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།  མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་སྐྱེ་ཁམས་ཞིང་ཕྱུགས་ལས་ཕྱོགས་བསྡུས་འཕེལ་རྒྱས་འཛུགས་སྐྲུན་ཇུས་གཞིའི་བགྲོ་གླེང་ཚོགས་འདུ་རྒྱལ་ས་པེ་ཅིན་ནས་འཚོགས། ཀྲུང་གོ་ཞིང་ལས་ཚན་རིག་གླིང་དང་ཀྲུང་གོ་ཞིང་ལས་སློབ་ཆེན། པེ་ཅིན་གྲོང་ཁྱེར་ཞིང་ནགས་ཚན་རིག་གླིང་། ཉིན་ཞ་ཞིང་ལས་ཚན་རིག་གླིང་སོགས་ཚན་རིག་ཞིབ་འཇུག་གླིང་དང་ལས་ཁུངས་ཀྱི་མགོ་ཁྲིད་པ་དང་རྒྱལ་ནང་གི་མིང་གྲགས་ཡོན་ཧྲི་དང་ཆེད་མཁས་པ་གདན་དྲངས་ཏེ་ཚོགས་འདུར་ཞུགས། ཇུས་གཞིའི་སྒྲིག་ལུགས་ལས་ཁུངས་པེ་ཅིན་གྲོང་ཁྱེར་གྱི་ཞིང་ནགས་ཚན་རིག་གླིང་གི་མགོ་ཁྲིད་པ་དང་ཆེད་མཁས་པ། དེ་མིན་བྱ་བའི་ཚོགས་པ་བཅས་ཚོགས་འདུར་ཞུགས། དེ་དང་མཉམ་དུ་ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་དང་ཞིང་བའི་ཉིན་རེའི་ཚགས་པར་མཚོ་སྔོན་ས་ཚིགས། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། དེ་མིན་རྒྱལ་སའི་གསར་འགྱུར་སྨྱན་བྱད་སོགས་གདན་དྲངས་ཏེ་ཚོགས་འདུར་ཞུགས།

ཚོགས་ཐོག་ཏུ་པེ་ཅིན་གྲོང་ཁྱེར་ཞིང་ནགས་ཚན་རིག་གླིང་གིས་མཚོ་ནུབ་ཁུལ་ལ་ཁྱོན་ཡོངས་ནས་ཁ་གཏད་རོགས་སྐྱོར་བྱེད་པའི་འཐབ་ཇུས་གྲོས་མཐུན་བཀོད་པར་མ་ཟད། ཤེས་ལྡན་མི་སྣ་འབྲེལ་མཐུད་བྱེད་པའི་བསམ་ཚུལ་བརྗེ་རེས་བྱས་པ་དང་མཉམ་དུ་རྒྱལ་ཁབ་ཞིང་ལས་པུའུ་དང་རྒྱལ་ཁབ་ཞིང་ལས་ཚན་རིག་གླིང་གིས་མཚོ་ནུབ་ཁུལ་དུ་རྒྱལ་ཁབ་ཞིང་ཐོན་དངོས་རྫས་སྤུས་ཚད་བདེ་འཇགས་དཔྱད་འཇོག་ཚོད་ལྟ་ས་ཚིགས་དང་རྒྱལ་ཁབ་ཞིང་ལས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་པར་རྒྱབ་སྐྱོར་ཐོབ།

ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་བཏོན་པའི་ཏན་ཏན་ཏིག་ཏིག་བཞི་ཡི་གསུང་བཤད་ཀྱི་དགོངས་དོན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་བཏོན་པའི་སྐྱེ་ཁམས་འཕེལ་རྒྱས་འཐབ་ཇུས་བཀོད་སྒྲིག་གི་རེ་བ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་པ་དང་བགྲོ་གླེང་ཚོགས་འདུའི་སྟེང་གྲུབ་འབྲས་མངོན་གསལ་ཐོབ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།